ལི་པུ་ཡཱའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐོག་ཁང་ཆེན་མོར་འཇབ་རྒོལ་ཐེབས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-07-03

ལི་པུ་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་པན་ཅཱ་ཞི་རུ་ཡོད་པའི་ལི་པུ་ཡཱའི་ཆེས་མཐོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོར་ཟླ་བདུན་པའི་ཚེས་གཅིག་ཉིན་འཇབ་རྒོལ་ཐེབས་ཏེ། མི་འགའ་ལ་རྨས་ཕོག་ཀྱང་།མི་སྣ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བསྒྲགས་མེད།ལི་པུ་ཡཱའི་ཆེས་མཐོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀི་ལིན་གྱིས་གསར་འགོད་པར་བཤད་རྒྱུར།དྲག་ཤུགས་ཉེས་ཅན་བརྒྱ་ལྷག་ལི་པུ་ཡཱའི་ཆེས་མཐོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོའི་ནང་ཡོང་བ་དང་།ཐོག་ཁང་དེའི་ནང་གི་གཞུང་སྒྲུབ་མཁོ་དངོས་བཅག་པ་དང་།འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་འགར་རྨས་ཕོག་ཀྱང་།མི་སྣ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བྱུང་མེད།ད་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་སྤེལ་རྒྱུར་ཐག་བཅད་ཡོད་པའི་ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་བདུན་པའི་ཚེས་བདུན་ཉིན་རྗེས་སུ་སྣུར་བ་དང་།ལི་པུ་ཡཱའི་འཐབ་འཁྲུག་མ་བྱུང་གོང་ལི་པུ་ཡཱའི་རྒྱལ་ཡོངས་སུ་མི་གྲངས་ས་ཡ་དྲུག་དང་ཁྲི་དགུ་ཡོད་ཅིང་།ལི་པུ་ཡཱའི་ཆེས་མཐོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་རྒྱུ་ཆ་ལྟར་ན།མིག་སྔར་ལི་པུ་ཡཱའི་རྒྱལ་ཡོངས་སུ་བསྡོམས་པས་འདེམ་དམངས་ས་ཡ་གཉིས་དང་འབུམ་བདུན་ཁྲི་གཉིས་ཀྱིས་འདེམ་བསྐོའི་ནང་ཞུགས་པར་ཐོ་འགོད་བྱས་ཡོད་པ་དང་།ཧ་ལམ་བརྒྱ་ཆའི་བརྒྱད་ཅུའི་ཚད་ལྡན་འདེམ་དམངས་ཀྱིས་ཐོ་འགོད་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཨུ་རུ་སི་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་བར་སྣང་དམག་དོན་ཅན་ལ་ངོ་རྒོལ་བྱས།
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་གྱེན་འཕུར་གནམ་གྲུ་ཞིག་སཱ་ཧཱ་སྤྱི་མཐུན་རྒྱལ་ཁབ་ནས་སར་ལྷུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།