ཨུ་རུ་སི་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་བར་སྣང་དམག་དོན་ཅན་ལ་ངོ་རྒོལ་བྱས།

    ཞིན་ཧྭ་གསར་འགྱུར་དྲ་བ།    2012-07-03

ཨུ་རུ་སིའི་ཙུང་ལི་གཞོན་པ་ལོ་ཀི་ཅིན་གྱིས་ཚེས་ཉེར་དགུ་ཉིན་བསྟན་དོན།ཨུ་རུ་སི་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་བར་སྣང་དམག་དོན་ཅན་ལ་ངོ་རྒོལ་བྱེད་བཞིན་ཡོད་ཅིང་།གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བར་སྣང་དུ་མཚོན་ཆ་བཀོད་སྒྲིག་བྱེད་རྩིས་བྱས་ན།ཨུ་རུ་སི་རྒྱལ་ཁབ་ལ་ཐག་གཅོད་བྱེད་ཐབས་སྤྱོད་པའི་ནུས་པ་ཡོད་ཟེར།ལོ་ཀི་ཅིན་གྱིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།རྒྱལ་སྤྱིའི་བཅའ་ཁྲིམས་ནང་བར་སྣང་དུ་མཚོན་ཆ་བཀོད་སྒྲིག་བྱེད་པར་གཏན་འགོག་བྱས་ཡོད་པ་དང་།ཨུ་རུ་སི་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བར་སྣང་དུ་མཚོན་ཆ་བཀོད་སྒྲིག་བྱེད་པའི་སེམས་འདུན་ལ་ངོ་རྒོལ་དྲག་པོ་བྱེད་སྲིད།མཁའ་འགྲུལ་ལག་རྩལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།ནུབ་ཕྱོགས་རྒྱལ་ཁབ་དག་ལ་བར་སྣང་དུ་མཚོན་ཆ་བཀོད་སྒྲིག་བྱེད་པའི་ནུས་པ་ལྡན་པར་མ་ཟད།དེ་འདྲའི་བསམ་ཚུལ་ཡོད་ལ།མིའི་རིགས་ལ་བར་སྣང་དམག་དོན་ཅན་གྱི་འཇིགས་ཉེན་ཐེབས་བཞིན་ཡོད་ཟེར།ལོ་ཀི་ཅིན་གྱིས་བཤད་རྒྱུར།ཨུ་རུ་སི་རྒྱལ་ཁབ་ལ་བར་སྣང་དུ་མཚོན་ཆ་བཀོད་སྒྲིག་བྱེད་པའི་ནུས་པ་ལྡན་པས།རྒྱལ་ཁབ་གང་རུང་གིས་ཁྱབ་ཁོངས་གང་རུང་ནས་ཐུན་མིན་གྱི་ཁྱད་སྟོབས་ལེན་མི་རུང་ལ།ཁྱད་པར་དུ་མཐོ་གསར་ཚན་རྩལ་ཁྱབ་ནས་ནས་དེ་འདྲ་མི་རུང་།ཨུ་རུ་སི་རྒྱལ་ཁབ་ཀྱི་མཁའ་འགྲུལ་ལག་རྩལ་ཁྱབ་ཁོངས་དེ་ནུབ་ཕྱོགས་རྒྱལ་ཁབ་ལས་རྗེས་ལུས་མིན།བར་སྣང་གི་འཇིགས་ཉེན་ཐག་གཅོད་བྱ་ཆེད།ཨུ་རུ་སི་རྒྱལ་ཁབ་ཀྱིས་ན་ནིང་ལོ་མཇུག་ལ་བར་སྣང་འགོག་སྲུང་དམག་དཔུང་རྩ་འཛུགས་བྱེད་རྒྱུ་ཐག་བཅད་པར་མ་ཟད།ན་ནིང་ཟླ་བཅུ་གཉིས་པའི་ཟླ་མགོར་དམག་དཔུང་དེ་དངོས་སུ་རྩ་འཛུགས་བྱས་ཡོད་ཟེར།
  • ལེ་ཚན་སྔོན་མ།: ཁུན་ནེ་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དྲུ
  • ལེ་ཚན་རྗེས་མ།:ལི་པུ་ཡཱའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐོག་ཁང་ཆེན་མོར་འཇབ་རྒོལ་ཐེབས་པ།
  • དོ་སྣང་ཆེ་བའི་རྩོམ།