བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-06-26
ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ནས་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ང་ལྔ་ལ་རྨས་ཕོག དེ་ནི་རྒྱལ་ཁབ་དེར་ཉེ་བའི་ལོ་འགའི་རིང་བྱུང་བའི་ཆེས་ཚབས་ཆེ་བའི་འགྲིམ་འགྲུལ་དོན་རྐྱེན་ཞིག་རེད།
ཨ་ཧྥེ་རི་ཁ་ལྷོ་མའི་བྲེལ་མྱུར་རྒུད་སྐྱོབ་ལྟེ་གནས་ཀྱི་མགྲིན་ཚབ་པ་ཝེ་ཁི་སི་ཡིས་བཤད་རྒྱུར། དོན་རྐྱེན་དེ་ཧའོ་ཏིན་ཞིང་ཆེན་གྱི་མེ་ཨར་ཏོན་གྲོང་བརྡལ་ནས་བྱུང་བ་དང་། སྐབས་དེར་འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཁ་ལོ་བྱེད་ཐབས་བྲལ་ཏེ་ཟམ་པའི་ཁར་མ་ཐོགས་པར་གཏིང་ཚད་ལ་སྨིད་བཅུ་ལྷག་ཡོད་པའི་གཙང་བོའི་ནང་ལྷུང་སྟེ། མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ང་ལྔ་ལ་རྨས་ཕོག དེའི་ནང་མི་ཉེར་གཅིག་གི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་ལ། འགྲུལ་བ་དེ་དག་ཚང་མ་མི་དར་མ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10