པད་མ་ཚེ་བརྟན་གྱི་གློག་བརྙན༼ཁྱི་རྒན༽ལ་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ་འདུག

ཀླུ་སྨྱོན།    སེང་རྡོར་དྲ་བ།    2012-06-15

ཉེ་ཆར་བསྒྲགས་པའི་གནས་ཚུལ་ལྟར་ན།བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་ཞེས་པ་དེ་ཨ་རིའི་ས་ཆ་མང་པོར་སྐོར་སྐྱོད་ཀྱིས་འགྲེམ་སྟོན་བྱས་པར།མི་སྟོང་ཕྲག་མང་པོས་དགའ་བསུ་ཆེན་པོ་དང་འབྲེལ་ཚུར་སྣང་ལན་ཆའི་སྐོར་བགྲོ་གླེང་འཁྲུག་པོ་ཞིག་བྱེད་བཞིན་ཡོད་པ་དང་།ཉིན་གསུམ་གྱི་སྔོན་ཨ་རིའི་ཉིག་ཡོར་གྲོང་ཁྱེར་དུ་འཚོགས་པའི་སྦི་རོ་ཁི་ལིན་གློག་བརྙན་དུས་སྟོན་དུ་རྒྱལ་ཁབ་མི་འདྲ་བ་སུམ་ཅུ་ཙམ་གྱི་གློག་བརྙན་བརྒྱ་ལྷག་གི་ཁྲོད་དུ་པད་མ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་ལ་འདེམས་ཤོག་མང་ཤོས་ཐོབ་སྟེ་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ་འདུགཐེངས་འདིའི་བྱ་དགའི་གཟེངས་སྐྱེས་ལ་ཨ་སྒོར་ཁྲི་ལྔ་དང་བདུན་སྟོང་དང་དཔང་ཡིག་བཅས་ཡོད་འདུག
  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་དམག་དཔུང་གིས་ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུས་འཇབ་རྒོལ་བྱས་ཏེ་མི་བཞ
  • ལེ་ཚན་རྗེས་མ།:ལུང་རིན་ཆེན་གྱི་བརྩམས་ཆོས་ལ་རྒྱ་ནག་རྩོམ་མཐུན་གྱི་རྒྱབ་སྐྱོར་ཐོབ།
  • དོ་སྣང་ཆེ་བའི་རྩོམ།