ལུང་རིན་ཆེན་གྱི་བརྩམས་ཆོས་ལ་རྒྱ་ནག་རྩོམ་མཐུན་གྱི་རྒྱབ་སྐྱོར་ཐོབ།

    དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།    2012-06-15

ཉེ་ལམ། 2012ལོའི་ཀྲེ་ཅང་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་པ་པོ་དཔྱད་འདེམ་ཞིབ་བཤེར་ཚོགས་འདུ་ཧང་ཀྲིག་ནས་བསྡུས་ཤིང་། དེ་སྔོན་ལུའུ་ཞུན་རྩོམ་རིག་བྱ་དགའི་ཨང20ནང་ཚུད་པའི་མཚོ་སྔོན་གྱི་རྩོམ་པ་པོ་ལུང་རིན་ཆེན་གྱིས«སྤྱི་གཙུག་གི་ས་གཞི»ཞེས་པ་དང་། «མཚོ་སྔོན་པོའི་མཛེས་ལྗོངས»། «བཀྲ་ཤིས་པའི་མདོ་དབུས་མཐོ་སྒང»བཅས་བརྩམས་ཆོས་གསུམ་ཡར་ཞུ་བྱས་པར་བརྟེན་ཀྲེ་ ཅང་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་རྟགས་འགོད་པར་གོ་སྐབས་ཐོབ། 

དེ་མིན་རྩོམ་པ་པོ་གཞན་གྱི་བརྩམས་ཆོས10ལའང་མིང་རྟགས་འགོད་པའི་གོ་སྐབས་བསྩལ་བ་དང་། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ས་ཁུལ་དང་གྲོང་ཁྱེར་སོ་སོས་ཀྲེ་ཅང་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ལ་བསྡོམས་པས་རྩོམ་པ་པོ3དང་བརྩམས་ཆོས14མཚམས་སྦྱོར་བྱས་ཤིང་། ཀྲེ་ཅང་རྩོམ་རིག་གླིང་གིས་ཐོབ་ཐང་ཞིབ་བཤེར་དང་དཔྱད་འདེམས་ཞིབ་བཤེར་ཚན་ཆུང་རྩ་འཛུགས་སྒོས་ལྟ་ཀློག་མཐའ་དཔྱོད་བྱས་པ་བརྒྱུད། མཐར་མིང་རྟགས་འགོད་འོས་པའི་མིང་ཐོ་ཁྱབ་བསྒྲགས་བྱེད་ཐུབ་པ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། མིང་རྟགས་འགོད་པའི་མིང་ཐོ་གཏན་འཁེལ་བྱས་རྗེས། ཀྲེ་ཅང་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལུང་རིན་ཆེན་གྱི་བརྩམས་ཆོས་གསུམ་ དང་རྩོམ་པ་པོ་གཞན་གྱི་བརྩམས་ཆོས10རྣམས་སོ་སོ་ཀྲེ་ཅང་དངོས་ཡོད་རིང་ལུགས་ རྩོམ་རིག་གཅེས་བསྡུས་ལས་གཞི་དང་། ཀྲེ་ཅང་རྩོམ་རིག་གསར་སྐྲུན་གསལ་འདོན་ལས་གཞི་རུ་བཀོད་དེ་པར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ལོ་གསུམ་གྱི་ནང་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་སྲིད།

  • ལེ་ཚན་སྔོན་མ།:པད་མ་ཚེ་བརྟན་གྱི་གློག་བརྙན༼ཁྱི་རྒན༽ལ་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ་འདུག
  • ལེ་ཚན་རྗེས་མ།:ཨེ་ཅིབ་དམག་ཕྱོགས་ཀྱིས་གྲོས་ཁང་ཞོལ་མ་གཏོར་བའི་བརྡ་ཐོ་དངོས་སུ་ཁྱབ་སྒྲོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།