ཨ་མེ་རི་ཁའི་དམག་དཔུང་གིས་ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུས་འཇབ་རྒོལ་བྱས་ཏེ་མི་བཞི་བསད།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-06-15

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མའི་ཚོ་ཁག་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཞི་བསད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཉིན་དེའི་དགོང་མོར་ཝ་ཅི་ལི་སི་ཐན་བྱང་མའི་ལྟེ་གནས་གྲོང་ཁྱེར་མུས་ལན་ཧྲ་ཨ་ས་ཁུལ་དུ་དོགས་ཡོད་རླངས་འཁོར་གཉིས་ལ་བར་སྣང་ནས་འཇབ་རྒོལ་བྱས། མི་བསྡད་མེད་པའི་གནམ་གྲུས་རླངས་འཁོར་དེ་གཉིས་ལ་འཕུར་མདའ་གཉིས་རེ་འཕང་སྟེ། རླངས་འཁོར་གཏོར་ནས་མེར་འབར་བ་དང་། ཉུང་མཐར་ཡང་རླངས་འཁོར་སྟེང་གི་མི་བཞི་རྐྱེན་ལམ་དུ་ཤོར་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། བསྡོམས་པས་མི་བསྡད་མེད་པའི་གནམ་གྲུ་གཉིས་འཇབ་རྒོལ་དོན་རྐྱེན་དེར་ཞུགས། ས་དེའི་ཚོ་ཁག་སྡོད་དམངས་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་མྱུར་དུ་དོན་རྐྱེན་བྱུང་སར་སོང་ནས་རྒུད་སྐྱོབ་བྱས། མིག་སྔར་ད་རུང་ཤི་བོའི་ཐོབ་ཐང་གསལ་བོར་མི་ཤེས།

  • ལེ་ཚན་སྔོན་མ།:ཐུར་ཁེའི་ས་དཀྱིལ་རྒྱ་མཚོའི་མཚོ་འགྲམ་ས་ཁུལ་དུ་ཚད་རིམ་དྲུག་གི་ས་འགུལ་བྱུང་བ།
  • ལེ་ཚན་རྗེས་མ།:པད་མ་ཚེ་བརྟན་གྱི་གློག་བརྙན༼ཁྱི་རྒན༽ལ་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ་འདུག
  • དོ་སྣང་ཆེ་བའི་རྩོམ།