ཐུར་ཁེའི་ས་དཀྱིལ་རྒྱ་མཚོའི་མཚོ་འགྲམ་ས་ཁུལ་དུ་ཚད་རིམ་དྲུག་གི་ས་འགུལ་བྱུང་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-06-12

ཐུར་ཁེའི་དབྱི་སི་ཐན་པོར་མཚོ་འགག་ས་འགུལ་ལྟ་རྟོག་ཚད་འཇལ་ས་ཚིགས་ཀྱིས་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཐུར་ཁེའི་ས་དཀྱིལ་རྒྱ་མཚོའི་མཚོ་འགྲམ་ས་ཁུལ་དུ་ཉིན་དེར་ཚད་རིམ་དྲུག་གི་ས་འགུལ་བྱུང་བ་དང་། མིག་སྔར་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་བསྒྲགས་མེད།

ས་འགུལ་རྟོག་ཞིབ་ཚད་འཇལ་ས་ཚིགས་དེས་སྔོན་ལ་ཉིན་དེའི་ས་འགུལ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་ཡིན་པར་བཤད་ཀྱང་། དེའི་རྗེས་སུ་ཚད་རིམ་དྲུག་ཏུ་བཅོས་པ་རེད། ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ཡིས་ཐེངས་འདིའི་ས་འགུལ་ཚད་རིམ་ལྔ་དང་གྲངས་ཆུང་བདུན་ཡིན་པར་བཤད། ས་འགུལ་བྱུང་ས་གཙོ་བོ་དེ་ཐུར་ཁེའི་མིང་དུ་གྲགས་པའི་གནས་སྐོར་གྲོང་ཁྱེར་ཧྥེ་ཐི་ཞི་ཡེ་བར་སྤྱི་ལེ་སུམ་ཅུ་ཙམ་ཡོད་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཉི་ཤུ་ལྷག་རེད།

མིག་སྔར་ད་རུང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བསྒྲགས་མེད། ས་དེའི་སྡོད་དམངས་ཀྱིས་བཤད་པ་ལྟར་ན། ས་འགུལ་བྱུང་སྟེ་མཚོ་འགྲམ་གྲོང་ཁྱེར་ལ་འཇིགས་སྣང་ཆེན་པོ་བཟོས་པ་དང་། མི་མང་བོ་ཁང་བོའི་ཕྱི་རུ་བྲོས་ཡོང་ཡོད་ཟེར།

  • ལེ་ཚན་སྔོན་མ།:ལིས་ཁི་ཆཱང་གིས་བུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་དམག་དཔུང་གིས་ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུས་འཇབ་རྒོལ་བྱས་ཏེ་མི་བཞ
  • དོ་སྣང་ཆེ་བའི་རྩོམ།