ལྕགས་བྷོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-05-25
ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གོ་དང་འཇར་མན་ནོར་སྲིད་ཀྱིས་མཉམ་ལས་བྱས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་རྒྱུན་མཐུད་འཕེལ་རྒྱས་ལས་གཞི་སྟེ་མེན་ཧི་རྫོང་ཏ་ཀྲོང་ས་ཁུལ་གྱི་སྡེ་བ་བཅུ་དགུའི་མི་ཕྱུགས་ཀྱི་འཐུང་ཆུའི་བཟོ་སྐྲུན་ལས་མགོ་རྩོམ་པའི་མཛད་སྒོ་མེན་ཧི་རྫོང་གུའུ་ཧྲན་གྲོང་བརྡལ་ཆིས་ལིས་སི་སྡེ་བའི་ལྷོ་ཕྱོགས་རོང་ཁུལ་ཆུ་འདྲེན་ཆུ་ཁ་རུ་སྤེལ། འཇར་མན་ཕྱོགས་ཀྱི་འཐུས་མི་དང་མཚོ་ཤར་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག ད་དུང་ལས་གཞི་འཛུགས་སྐྲུན་དང་། དོ་དམ་ལས་ཁུངས། ལྟ་སྐུལ་སོགས་ལས་ཁུངས་ཀྱི་མི་སྣ་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས།
བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས། མེན་ཧི་རྫོང་གི་མི་ཕྱུགས་ཀྱི་འཐུང་ཆུ་ལ་ཆེས་དཀའ་ངལ་ཆེ་ས་གུའུ་ཧྲན་གྲོང་བརྡལ་དང་། མ་ཡུན་གྲོང་བརྡལ། ཏ་ཀྲོང་ཞང་། ལུང་ཀྲི་ཞང་གི་སྲིད་འཛིན་སྡེ་བ་བཅུ་དགུ་ཡི་རུ་ཁག་བརྒྱ་དང་བཅོ་ལྔའི་མི་ཁྲི་གཅིག་སྟོང་དགུ་ལྔ་བརྒྱ་ཞེ་གསུམ་དང་ཕྱུསག་ཟོག་སྟོང་གཉིས་དགུ་བརྒྱ་དང་བཅུ། ཕྱུགས་ཕྲུག་ཁྲི་གཅིག་སྟོང་གཅིག་བརྒྱ་དང་གཉིས་བཅས་ཀྱི་འཐུང་ཆུའི་དཀའ་ངལ་བསེལ་ཐུབ། ད་དུང་ས་དེའི་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་དང་། ས་གནས་དཔལ་འབྱོར་དང་ནང་སྒོས་སུ་ཕྱུགས་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ་ལ། མི་རིགས་མཐུན་སྒྲིལ་ཇེ་བཟང་དང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10