ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་གྲོས་ཞུགས་ཁང་གིས་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་ལ་ཆོག་མཆན་འགོད་དགོས་པའི་སྐུལ་མ་བཏང་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-05-25

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལཱ་ལི་དང་། རྒྱལ་སྲུང་པུའུ་ཀྲང་ཕཱ་ནེ་ཐཱ་བཅས་ཀྱིས་ཚེས་ཉེར་གསུམ་ཉིན་ཨ་མེ་རི་ཁའི་གྲོས་ཞུགས་ཁང་གི་ཉན་ཞིབ་ཚོགས་འདུར་ཞུགས་སྐབས། གྲོས་ཞུགས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་ལ་ཆོག་མཆན་བཀོད་དེ། ཨ་མེ་རི་ཁའི་ནུས་ཁུངས་གསར་སྤེལ་དང་། མཚོ་འོག་གཏེར་ཁ་སྔོག་འདོན། མཚོ་འགྲུལ་རང་དབང་ལ་འགན་སྲུང་། རྒྱ་མཚོའི་རྩོད་གླེང་བར་འདུམ་བྱེད་པ་སོགས་ཐད་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་ཆེ་བའི་དཔལ་འབྱོར་དང་ཕྱི་འབྲེལ། བདེ་འཇགས་བཅས་ཀྱི་ཁེ་ཕན་བརྩོན་ལེན་བྱེད་དགོས་ཟེར།
  • ལེ་ཚན་སྔོན་མ།:ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་རྒྱལ་ནང་གི་ཁྲིམས་འཛུགས་བྱེད་ཐབས་ཀྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་པ་དང་
  • ལེ་ཚན་རྗེས་མ།:༼ས་སྐྱ་བ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་གཞུང་ཡིག༽ཅེས་པ་འཛམ་གླིང་དྲན་ཤེས་ཡ་ཞི་ས་ཁུལ་གྱི་མིང་ཐོར་ཚུད།
  • དོ་སྣང་ཆེ་བའི་རྩོམ།