བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-05-25
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་མའོ་སི་ཁི་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་རྒྱལ་ནང་ཁྲིམས་འཛུགས་ཀྱི་ཐབས་ལ་བརྟེན་ནས་དབྱི་ལིང་ལ་བཀག་སྡོམ་བྱེད་པ་གཏན་ནས་ཁས་ལེན་བྱེད་མི་སྲིད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་རྒྱལ་ནང་ཁྲིམས་འཛུགས་ཀྱི་ཐབས་ལ་བརྟེན་ནས་དབྱི་ལིང་ལ་བཀག་སྡོམ་བྱེད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་བཀག་སྡོམ་ཁྱབ་ཁོངས་ལས་བརྒལ་ཡོད་པ་དང་། ཨ་མེ་རི་ཁའི་བཀག་སྡོམ་དེ་སྔར་ལས་མང་བའི་དབྱི་ལིང་གི་དཔལ་འབྱོར་སྡེ་ཁག་ལ་དམིགས་ཡོད་ལ། དེའི་དམིགས་ཡུལ་ནི་གཞི་རྒྱ་ཆེ་བའི་དམར་གསོད་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཆེད་དུ་མིན་པར་དབྱི་ལིང་གི་དཔལ་འབྱོར་ལ་གཏོར་བརླག་བྱེད་རྩིས་རེད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། བཀག་སྡོམ་དེ་དག་ལ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཕྱི་བཅོས་ཁྲིམས་དབང་གི་ངོ་བོ་ལྡན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བརྩི་སྲུང་བྱེད་པའི་རྒྱལ་ཁབ་དག་གི་ཀུང་ཟི་ལ་འཇིགས་ཉེན་ཐེབས་ཡོད། ཨ་མེ་རི་ཁའི་བྱ་སྤྱོད་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གི་བྱ་བར་ཕན་ཐོགས་ཅི་ཡང་འབྱུང་མི་སྲིད་ལ། རྒྱལ་ཁབ་དྲུག་གིས་གཅིག་གྱུར་མཐུན་སྦྱོར་བྱེད་པར་ཡང་ཕན་པ་མེད་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་གིས་གྲོས་ཞུགས་ཁང་གིས་གྲོས་མཐུན་བཀོད་པའི་གོང་གི་བཅའ་ཁྲིམས་འཆར་ཟིན་དེའི་ལངས་ཕྱོགས་ཡང་དག་གསལ་བོར་བཤད་དགོས་པའི་རེ་བ་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10