ཨོ་པཱ་མཱ་ཡིས་བཀའ་རྒྱ་བཏང་སྟེ་ཡེ་མིན་གྱི་ཆབ་སྲིད་བར་བརྒལ་ལ་གཏོར་བརླག་བྱེད་མཁན་དག་ལ་བཀག་སྡོམ་བྱེད་རྒྱུའི་རེ་བ་བཏོན་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2012-05-18

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅུ་དྲུག་ཉིན་བཀའ་རྒྱ་བཏང་སྟེ། ཡེ་མིན་གྱི་ཆབ་སྲིད་བར་བརྒལ་ལ་གཏོར་བརླག་བྱེད་པའི་མི་སྒེར་དང་ཚོགས་པར་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།

ཨོ་པཱ་མཱ་ཡིས་ཙུང་ཐུང་བཀའ་རྒྱའི་ནང་བཤད་རྒྱུར། ཡེ་མིན་སྲིད་གཞུང་གིས་ཁོངས་མི་རེ་འགའ་དང་། མི་སྒེར་དང་ཚོགས་པ་རེ་འགས་ཡེ་མིན་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ན་ནིང་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་བཀོད་པའི་གྲོས་མཐུན་འདུས་པའི་འགུལ་བསྐྱོད་དང་སྲིད་ཇུས་ལ་གཏོར་བརླག་བྱས་ཏེ། ཡེ་མིན་གྱི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་ལ་འཇིགས་ཉེན་བཟོས་ཡོད། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་བཅས་ལའང་རྒྱུ་ལྡན་མིན་པའི་འཇིགས་ཉེན་ཐེབས་བཞིན་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཡོ་རོབ་གླིང་གི་དཔལ་འབྱོར་གླེང་སྟེགས་སྐབས་བཞི་བ་ཕོ་ལན་ནས་གྲོལ་བ།
  • ལེ་ཚན་རྗེས་མ།:ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་རྒྱལ་ནང་གི་ཁྲིམས་འཛུགས་བྱེད་ཐབས་ཀྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་པ་དང་
  • དོ་སྣང་ཆེ་བའི་རྩོམ།