ཡོ་རོབ་གླིང་གི་དཔལ་འབྱོར་གླེང་སྟེགས་སྐབས་བཞི་བ་ཕོ་ལན་ནས་གྲོལ་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-05-18

ཚོགས་ཡུན་ཉིན་གསུམ་ཡིན་པའི་ཡོ་རོབ་གླིང་གི་དཔལ་འབྱོར་གླེང་སྟེགས་སྐབས་བཞི་བ་ཚེས་བཅུ་དྲུག་ཉིན་ཕོ་ལན་གྱི་བཟོ་ལས་གྲོང་ཁྱེར་ཁཱ་ཐོ་ཝེ་ཚི་ནས་གྲོལ། གླེང་སྟེགས་སྐབས་སུ་ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་ཀྱི་ཆེད་དོན་གླེང་སྟེགས་སྤེལ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རགྱལ་ཁབ་སོ་སོའི་ཆབ་སྲིད་དང་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་སོགས་མི་སྟོང་དྲུག་ལྷག་ཐེངས་འདིའི་གླེང་སྟེགས་ལ་ཞུགས།

ཕོ་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁི་མོ་ལོ་ཧྥུའུ་སི་ཅི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་སྲུང་འཛིན་བྱེད་པའི་ཆ་རྐྱེན་ཞིག་ཡིན་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་རང་སྟེང་གི་དམིགས་འབེན་མངོན་འགྱུར་བྱེད་པའི་ཆ་རྐྱེན་ཡང་ཡིན་ཟེར།

ཁོ་མོ་ལོ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། ཡོ་རོབ་གླིང་གིས་ནོར་འཁྲུལ་བཟོས་ཤིང་སྟོང་བསམ་བཅངས་ཏེ་དུས་ཚོད་འཕྲོ་བརླག་ཏུ་གཏོང་མི་རུང་བ་དང་། ཡོ་རོབ་གླིང་གིས་ངེས་པར་དུ་དཔལ་འབྱོར་ལ་འཕར་སྣོན་གསར་བ་འབྱུང་བར་བྱེད་དགོས་ཟེར། གླེང་སྟེགས་ཀྱི་རྩ་འཛུགས་མཁན་གྱིས་ཆེད་དུ་ཀྲུང་གོའི་འཐུས་མི་གདན་འདྲེན་ཞུས་པ་དང་། ཡོ་རོབ་གླིང་གིས་ངེས་པར་དུ་ཀྲུང་གོའི་བར་དཔལ་འབྱོར་འབྲེལ་བ་འོས་འཚམ་འཛུགས་དགོས་ཟེར།

ཚེས་བཅོ་ལྔའི་ཉིན་བསྡུས་པའི་ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་ཆེད་དོན་གླེང་སྟེགས་སྟེང་། ཚོགས་ཞུགས་འཐུས་མི་དག་གིས་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། ཀྲུང་གོའི་ཡོ་རོབ་གླང་གི་ཐད་ཀར་དངུལ་གཏོང་། ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྱི་བཀག་རྒྱ། དེ་མིན་ཐག་གཅོད་བྱེད་ཐབས་སོགས་གྲོས་གཞིའི་ཐད་ནས་ཚན་ཁག་བགོས་ནས་གྲོས་བསྡུར་བྱས།

ཚེས་བཅུ་དྲུག་ཉིན། གླེང་སྟེགས་ནས་རང་དབང་རིང་ལུགས་ཀྱི་ཉམས་ཉེན་དང་། གསར་འགྱུར་ལས་རིགས་ཀྱི་འཕེལ་རྒྱས། ཡོ་རོབ་གླིང་གི་དཔལ་འབྱོར་གསར་སྐྲུན། ནུས་ཁུངས་གསར་བ་སོགས་ལ་ཆེད་དོན་གྲོས་བསྡུར་བྱས།

  • ལེ་ཚན་སྔོན་མ།:མཚོ་སྔོན་པོ་སྐོར་ཐེངས་དྲུག་པའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་མིང་ཐོའི་ནང་བདམས་པ།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་བཀའ་རྒྱ་བཏང་སྟེ་ཡེ་མིན་གྱི་ཆབ་སྲིད་བར་བརྒལ་ལ་གཏོར་བརླག་བྱེད་མཁན་དག་ལ་བཀག་སྡོམ་བྱེད་རྒྱུ
  • དོ་སྣང་ཆེ་བའི་རྩོམ།