ལྕགས་མཚོ་ཐར། ལྷ་སྟག་མཚོ། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-04-27
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་ཐུར་ཁེའི་དྲང་བདེན་དང་འཕེལ་རྒྱས་ཏང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཨ་ཁི་སུའུ་ལ་མཇལ་འཕྲད་གནང་།
ཀྲིག་ཡུང་ཁང་གིས་གསུངས་རྒྱུར། སྐུ་ཞབས་ཁྱེད་རང་ཉིས་སྟོང་གསུམ་ལོ་དང་ཉིས་སྟོང་དྲུག་ལོར་ཐེངས་གཉིས་ལ་ནང་སྲིད་པུའུ་ཀྲང་གི་ངོས་ཐད་ནས་ཀྲུང་གོར་འཚམས་འདྲིར་ཡོང་ལ། བདག་གིས་ཉིས་སྟོང་ལྔ་ལོར་རྒྱལ་སྲིད་ཨུ་ཡོན་དང་སྤྱི་བདེ་པུའུ་ཀྲང་གི་ངོས་ཐད་ནས་ཐར་ཁེ་རྒྱལ་ཁབ་དུ་འཚམས་འདྲིར་བྱས། ང་ཚོས་གྲོས་མོལ་ཐེངས་གསུམ་བྱས་མྱོང་བ་དང་། དོན་དངོས་ཀྱི་གྲུབ་འབྲས་ཡང་རབ་དང་རིམ་པ་ཐོབ་ཡོད་པས་བག་ཆགས་ཟབ་མོ་བཞག་ཡོད། དེ་རིང་ནི་གྲོགས་པོ་རྙིང་པ་སླར་འཇལ་བ་ཡིན་པས། ཁྱེད་ཀྱིས་ཀྲུང་གོ་དང་ཐུར་ཁེའི་མཛའ་མཐུན་གྱི་འབྲེལ་བར་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུ་ཟེར།
ཀྲིག་ཡུང་ཁང་གིས་བསྟན་དོན། ད་ལོའི་ཟླ་གཉིས་པར་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཐུར་ཁེ་ལ་རྒྱལ་ཁའི་ངང་འཚམས་འདྲི་མཛད་པ་དང་། ཟླ་བཞི་བའི་ཟླ་མགོར་ཙུང་ལི་ཨེད་ཨར་ཏོ་ཨན་གྱིས་ཡང་རྒྱལ་ཁའི་ངང་ཀྲུང་གོར་འཚམས་འདྲི་མཛད་དེ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། ཨེད་ཨར་ཏོ་ཨན་གྱིས་ཀྲུང་གོར་འཚམས་འདྲི་མཛད་པའི་སྐབས་སུ་ཆེད་དུ་ཞིན་ཅིང་ལ་སོང་བར་མ་ཟད། ཀྲུང་གོའི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་ཡང་བསྐྱར་རྒྱུན་འཁྱོངས་བྱེད་རྒྱུ་་བསྒྲགས་པ་དང་། མི་སུ་ཞིག་ཡིན་རུང་ཐུར་ཁེའི་མངའ་ཁོངས་ནས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་པའི་བྱ་འགུལ་སྤེལ་མི་ཆོག་པར་བསྒྲགས་པ་དེར་ང་ཚོའི་གཟེངས་བསྟོད་བྱས། ཀྲུང་གོའི་སྲིད་གཞུང་གིས་ཞན་ཅིང་གི་བྱ་བར་གཙིགས་ཆེན་བྱེད་བཞིན་ཡོད་ལ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་བསྐྱེད་དེ་ཞན་ཅིང་གི་ཐོད་བརྒལ་རིང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཀྱི་བྱ་བར་སྐུལ་སྤེལ་བྱས་ཏེ། གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་འབྱོར་ཚོང་མཉམ་ལས་དང་མི་ཚུལ་འབྲེལ་འདྲིས་ཐད་ལ་ཤུགས་བསྣན་ཏེ། ཐུན་མོང་སྒོས་སྟོབས་ཤུགས་ཆེན་མོ་གསུམ་ལ་རྡུང་རྡེག་བྱས་ཏེ། རྒྱལ་ཁབ་གཉིས་དང་ཀྲུང་གོའི་ས་གནས་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་འདོད་ཡོད་ཟེར།
ཨ་ཁི་སུའུ་ཡིས་ཀྲིག་ཡུང་ཁང་དང་ཡང་བསྐྱར་ཐུགས་འཕྲད་བྱས་པར་དགའ་སྤྲོ་སྐྱེས་ཡོད་ཞེས་བསྟན། ཁོང་གིས་བཤད་རྒྱུར་ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་བགྲོད་ལམ་བརྩི་སྲུང་བྱེད་པར་གཟེངས་བསྟོད་དང་། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཞན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཐད་ལ་ཧུར་བརྩོན་བྱས་པར་གཟེངས་བསྟོད་བྱེད་པ་དང་། ཐུར་ཁེ་དང་ཀྲུང་གོ་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་ཤུགས་བསྣོན་པར་རེ་སྒུག་བྱེད་བཞིན་ཡོད་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10