རི་ནེ་ཝ་རྒྱལ་སྤྱིའི་གསར་གཏོད་འགྲེམ་སྟོན་སྐབས་བཞི་བཅུ་བ་སྤེལ་མགོ་བརྩམས་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-04-20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རི་ནེ་ཝ་རྒྱལ་སྤྱིའི་གསར་གཏོད་འགྲེམ་སྟོན་སྐབས་བཞི་བཅུ་བ་ཚེས18ཉིན་རི་ནེ་ཝ་ནས་སྤེལ་མགོ་བརྩམས་པ་དང་། རྒྱལ་ཁབ46གི་འགྲེམ་སྟོན་མཁན789ཡིས་གསར་གཏོད་དངོས་རྫས་སྟོང་གཅིག་འགྲེམ་སྟོན་བྱས་ཏེ། འགྲེམ་སྟོན་དེའི་ལོ་རྒྱུུས་ཟིན་ཐོ་བསྐྲུན།
མི85ཡིས་གྲུབ་པའི་རྒྱལ་སྤྱིའི་དཔྱད་ཞིབ་ཚོགས་པས་བྲེལ་མྱུར་ངང་བྱ་བ་སྤེལ་བཞིན་ཡོད་པ་དང་། འགྲེམ་སྟོན་བྱེད་ས་སོ་སོར་སོང་ནས་གསར་གཏོད་ཀྱི་གནས་ཚུལ་ཞིབ་རྒྱས་ལ་རྒྱུས་ལོན་བྱེད་བཞིན་ཡོད། ཁོ་ཚོས་སྐབས་འདིའི་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་སྟེང་དམིགས་བསལ་བྱ་དགའ54བདམས་རྒྱུ་ཡིན་པ་དང་། བྱ་དགའ་ཐོབ་པའི་མཇུག་འབྲས་དེ་ཚེས20ཉིན་གྱི་ཕྱི་དྲོར་ཁྱབ་སྒྲོག་བྱེད་རྒྱུ་རེད།  །
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ལིས་ཁྲང་ཁྲོན་གྱིས་ཁ་ན་ཏ་ཡི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།