རྡོ་ཐར། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-04-19
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་།ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཐེ་གོ་གཉིས་ཀྱི་འབྲེལ་བ་ལ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པ་དང་མཛའ་མཐུན་འགྲོ་འོང་བྱེད་པར་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད།རྒྱལ་ཁབ་གཉིས་ཀྱི་བར་ལ་ལོ་རྒྱུས་ཀྱི་ཤུལ་བཞག་གི་གནད་དོན་ཅི་ཡང་མེད་པ་དང་།རྩ་བའི་ཁེ་ཕན་ཐད་ཀྱི་འགལ་བའང་མེད།རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ལ་མཛའ་བརྩེ་ཟབ་མོ་ལྡན་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དམངས་བློའི་རྨང་གཞི་བརྟན་པོ་བཏིངས་ཡོད།ཀྲུང་གོ་དང་ཐེ་གོ་གཉིས་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དོན་དངོས་ཡིན།རང་ས་ཁུལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་ལ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་འགན་ཁུར་ལྗིད་མོ་ཡོད་པ་དང་།ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་མདུན་ལྗོངས་བཟང་བོ་ལྡན།ཀྲུང་གོ་དང་ཐེ་གོ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ནས་ཕན་ཚུན་ལ་རམ་འདེགས་བྱས་ཏེ་མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས།དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས།ཞི་ཅིན་ཕེན་གྱིས་ཙུང་ལི་དབྱིན་ལཱ་ཐེངས་འདིར་ཀྲུང་གོར་མཚམས་འདྲིར་ཡོང་ནས།ཀྲུང་གོའི་མགོ་ཁྲིད་ཀྲུང་གོ་དང་ཐེ་གོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་བའི་ཐད་ནས་གཅིག་མཐུན་གྱི་ལྟ་བ་གལ་ཆེན་བྱུང་བ་དང་།དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་བསྩལ་ཞིང་།ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུར་འགྱུར་ངེས།རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་།འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་འགུལ་སྐྱོད་འཆར་གཞི་གཉིས་པ་བཀོད་པ་དེས་ཀྲུང་གོ་དང་ཐེ་གོའི་མིག་སྔར་གྱི་འབྲེལ་བ་ལ་ཁས་བླངས་པ་མ་ཟད།མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་ཞིག་བསྟན་ཞེས་གསུངས།དབྱིན་ལཱ་ཡིས་ཐེ་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོར་ཤ་ཉེ་ལྟ་བུའི་བརྩེ་སེམས་བཅངས་ཡོད།ཐེ་གོའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱས་ཏེ།ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་གཅིག་མཐུན་གྱི་ལྟ་བ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་རྒྱུ་ལས་གཞན།སྲོལ་རྒྱུན་གྱི་མཛའ་བརྩེར་ཤུགས་བསྐྱེད་དེ་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་འདོད་ཡོད།ཐེ་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་མཉམ་ལས་ཐད་ནས་མུ་མཐུད་དུ་གྲུབ་འབྲས་ལེན་འདོད་ཡོད་ཅེས་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10