ཝུའུ་པང་གོ་ཡིས་ཨིར་ལན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-03-30

ཝུའུ་པང་གོ་ཡིས་ཨིར་ལན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨིར་ལན་གྱི་ཙུང་ལི་ཁིན་ཉེ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨིར་ལན་གྱི་ཙུང་ལི་ཁིན་ཉེ་ལ་མཇལ་འཕྲད་གནང་། ཝུའུ་པང་གོ་ཡིས་གསུངས་རྒྱུར། ཙུང་ལི་ཐེངས་འདྲིར་མཚམས་འདྲིར་ཕེབས་པའི་སྐབས་སུ། ཕྱོགས་གཉིས་ཀྱིས་གཉིས་ཕན་འཐབ་ཇུས་མཛའ་མཐུན་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཚད་མཐོན་པོ་ཞིག་ཏུ་བསླེབ་པར་བྱས་པ་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་ལེགས་པོ་ཐོབ་པར་ཁས་ལེན་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་འཐབ་ཇུས་འཆར་འགོད་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་རྒྱལ་ཁབ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ནང་དོན་མུ་མཐུད་འཐུས་ཚང་དང་རྒྱ་བསྐྱེད་གཏོང་འདོད་ཡོད་པ་དང་། ཁེ་ཕན་གཙོ་བོའི་གནད་དོན་ལ་ཐད་ནས་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ། ཕན་ཚུན་ཡིད་ཆེས་ལ་ཤུགས་སྣོན་བྱས་ནས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་གྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཧུར་བརྩོན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་གོང་འཕེལ་དུ་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད།  ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་གཅིག་མཐུན་ལྟ་བ་ལག་བསྟར་ནན་མོ་བྱེད་པ་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ལག་རྩལ་དང་། མ་དངུལ། ཁྲོམ་རའི་གནས་བབ་ལེགས་པོ་དེ་མཉམ་ལས་གྲུབ་འབྲས་སུ་བསྒྱུར་ནས། མཉམ་ལས་གཞི་རྒྱ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་གོ་དང་ཨིར་ལན་གྱི་འབྲེལ་བ་འཕེལ་རྒྱས་བཟང་པོ་འབྱུང་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཝུའུ་པང་གོ་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཨིར་ལན་གྲོས་ཚོགས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིམ་པ་མང་པོ་དང་ལམ་ཕྱོགས་མང་པོ་ནས་འབྲེལ་འདྲིས་བྱེད་པ་དང། གྲོས་ཚོགས་ཀྱི་མགོ་ཁྲིད་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་བར་དུ་བསམ་བློ་བརྗེ་རེས་དང་ཕན་ཚུན་འཚམས་འདྲིར་བྱེད་པར་ཤུགས་བསྣན་ནས་རྒྱལ་ཁབ་སྐྱོང་བ་དང་། དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ་ཕན་ཚུན་རྒྱུས་ལོན་བྱེད་པར་ཤུགས་སྣོན་པ་དང་། མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ལེགས་སུ་གཏོང་བ། དངོས་གཉེར་མཉམ་ལས་བྱེད་པ་བཅས་ཀྱི་ཐད་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར། ཝུའུ་པང་གོ་ཡིས་ད་དུང་ཀྲུང་གོའི་ཉེ་བའི་ལོ་འགའི་རིང་གི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཁིན་ཉེ་ཡིས་ཐེངས་འདིའི་མཚམས་འདྲིའི་གྲུབ་འབྲས་ལ་ཡིད་ཚིམས་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཨིར་ལན་དང་ཀྲུང་གོ་གཉིས་བར་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་བར་སྟོང་གསར་བ་ཕྱེས་པས། ཨིར་ལན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་འབྲེལ་བྱས་ནས་ཕྱོགས་ཡོངས་ནས་གྲོས་ཚོགས་བར་གྱི་བརྗེ་རེས་དང་བཅས་པའི་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་པ་དང་། ཨིར་ལན་རྒྱལ་ཁབ་ཀྱིས་མ་འོངས་པར་མུ་མཐུད་དུ་ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུ་ཡིན་ཟེར།  

  • ལེ་ཚན་སྔོན་མ།:ཁོ་ཐེ་ཏི་ཝོར་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་མི30རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས།
  • དོ་སྣང་ཆེ་བའི་རྩོམ།