དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-03-30

དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཧཱ་མིན་ཏི་ཡིས་ཚེས་ཉེར་བརྒྱད་ཉིན་གློ་བུར་དུ་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་དུ་འཚམས་འདྲི་བྱས།ཧཱ་མིན་ཏི་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།ཁོས་ཧི་ཨར་མན་ཏི་ཞིང་ཆེན་གྱི་ཧྲིན་ཀྲང་མན་ཅཱ་ལེ་དང་གྲོས་མོལ་བྱས་པར་མ་ཟད།དབྱིན་ཇི་དང་ཨ་ཧྥུའུ་ཧན་གྱི་མཉམ་ལས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།ཧཱ་མིན་ཏི་ཡིས་བསྟན་དོན།དབྱིན་ཇིའི་སྲིད་གཞུང་གིས་ཉིས་སྟོང་བཅུ་བཞི་ལོར་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་འགོག་སྲུང་ལས་འགན་བརྒྱུད་སྤྲོད་བྱས་ཏེ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱས་རྗེས།མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་གསོ་སྦྱོང་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཝུའུ་པང་གོ་ཡིས་ཨིར་ལན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཨི་ཏ་ལིའི་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ་ཐོ་ནི་ནོ་གྷེ་རེ་སྐུ་གཤེགས་པ།
  • དོ་སྣང་ཆེ་བའི་རྩོམ།