ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-03-29
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྤྱི་ཚེས27ཉིན།སེ་རི་ཡ་སྲིད་གཞུང་གི་ཙུང་ཐུང་པ་ཧྲར་ཨ་ས་དེས་སྲིད་གཞུང་དམག་དང་ངོ་རྒོལ་ཤོག་ཁག་གི་དྲག་ཆས་བར་གདོང་ཐུག་དྲག་པོ་ཐོན་སའི་དབུས་རྒྱུད་ཀྱི་ཧོ་མོ་སི་གྲོང་ཁྱེར་གྱི་པ་པུ་ཨ་ལུ་མུ་ཁུལ་དུ་གཟིགས་ཞིབ་གནང་བ་རེད།
སེ་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་པ་ཧྲར་གྱིས་པ་པུ་ཨ་ལུ་མུ་ཁུལ་དུ་གཟིགས་ཞིབ་གནང་ཚུལ་བརྙན་འཕྲིན་ཐོག་ཕབ་གཏོང་བྱས་ཡོད་པ་རེད།པ་ཧྲར་གྱིས། ལོ་གཅིག་རིང་ཧོ་མུ་སི་གྲོང་ཁྱེར་དང་། ལྷག་པར་དུ་པ་པུ་ཨ་མུ་ལུ་ཁུལ་དུ་དམིགས་བསལ་གནས་ཚུལ་ཐོན་ཡོད་པས། ཧོ་མུ་སི་ཞིང་ཆེན་དང་། དེ་བཞིན་ཧོ་མུ་སི་གྲོང་ཁྱེར་སྲིད་གཞུང་གིས་མི་དམངས་དང་མཉམ་དུ་འབད་བརྩོན་ལྡབ་འཕར་བྱས་ཏེ་སྡོད་ཁང་དང་། རྨང་གཞིའི་སྒྲིག་གཞི་ཉམས་བཟོ་བྱེད་དགོས་པ་དང་།ལྷག་པར་དུ་སློབ་གྲྭ་དང་།གློག་གི་དྲ་བ།ཆུ་མཁོ་འདོན་མ་ལགགློག་འཕྲིན་དྲ་བ་སོགས་ཉམས་གསོ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།སེ་རི་ཡའི་སྲིད་གཞུང་དམག་གིས་དེའི་གོང་པ་པུ་ཨ་མུ་ལུ་ཁུལ་བཟུང་མཁན་གྱི་ངོ་རྒོལ་ཤོག་ཁག་དྲག་ཆས་སེ་རི་ཡའི་རང་དབང་དམག་དང་དམག་འཐབ་དྲག་པོ་ཉིན27བརྒྱབ་པ་དང་། སྤྱི་ཟླ3པའི་ཚེས1ཉིན་ས་ཁུལ་དེ་སླར་ཡང་ཚོད་འཛིན་ཐུབ་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10