ཨ་ཧྥུའུ་ཧན་གྱི་དམག་དཔུང་གི་རླངས་འཁོར་ལ་འཇབ་རྒོལ་ཐེབས་ཏེ་མི9རྐྱེན་ལམ་དུ་ཤོར་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-03-27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས25ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་དམག་དཔུང་གི་རླངས་འཁོར་ཞིག་ལ་ཚེས24ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི9རྐྱེན་ལམ་དུ་ཤོར་བ་དང་། མི1ལ་རྨས་ཕོག་ཟེར།

ཁན་ཏཱ་ཧཱ་ཞིང་ཆེན་གྱི་ཨ་ཨར་ཀན་ཏཱ་པུའུ་ས་ཁུལ་གྱི་དཔོན་པོ་ཧྲ་ཧི་མའོ་ཧན་མའོ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། ཚེས24ཉིན་གྱི་དགོང་མོའི་དུས་ཚོད7དང་སྐར་མ30ཡི་སྟེང་། དམག་གི་རླངས་འཁོར་ཞིག་ས་ཁུལ་དེ་བརྒྱུད་སྐབས་དྲག་ཆས་ཉེས་ཅན་གྱིས་སྔོན་ནས་སྦས་ཡོད་པའི་འགད་རྫས་འགས་གཏོར་བྱུང་སྟེ། མི9རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཨ་ཧྥུའུ་ཧན་གྱི་དམག་མི་གཉིས་དང་ཉེན་རྟོག་པ5། ས་གནས་རང་གི་ལོ་ཙཱ་བ1 ཕྱི་རྒྱལ་གྱི་དམག་མི1བཅས་ཡོད་ལ། གཞན་ཡང་ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པ་ཞིག་ལ་འགས་གཏོར་ཁྲོད་རྨས་ཕོག་ཟེར།

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་ཡུག་སུའུ་ཧྥུའུ་ཨེ་ཧཱ་མེད་ཏིས་ཀྱིས་དེའི་རྗེས་སུ་ཁྱབ་བསྒྲགས་བྱས་དོན། རྩ་འཛུགས་དེས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཡིན་ལ། འགས་གཏོར་དེ་ནི་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་དང་ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་སྤྱིའི་བདེ་འཇགས་དམག་དཔུང་ལ་དམིགས་པ་ཡིན་ཟེར།  

  • ལེ་ཚན་སྔོན་མ།:ཡ་ཏེན་ན་རྟགས་ཅན་གྱི་གྲུ་གཟིངས་ནུབ་པའི་བརྒྱུད་རིམ་ཧྲིལ་བོ།
  • ལེ་ཚན་རྗེས་མ།:ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་ལ་འབྲེལ་བའི་གྲོས་ཆོད
  • དོ་སྣང་ཆེ་བའི་རྩོམ།