མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-03-23
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས21ཉིན། ཧན་གོའི་གྲུ་བདག་སྲུང་སྐྱོང་མཐུན་ཚོགས་ཀྱིས་བསྟན་དོན། ཁོ་ཚོས་ཀོང་ཀྲིག་གི་ཆུ་ནང་དངོས་ལེན་ཅུའུ་དང་འབྲེལ་འདྲིས་བྱས་ཏེ་མགྱོགས་མྱུར་སྒོས་ཆུ་ནང་དངོས་ལེན་གན་རྒྱ་བཞག་ནས་ཡ་ཏེན་ན་རྟགས་ཅན་གྱི་གྲུ་གཟིངས་ཆུ་ནང་ནས་ལེན་པའི་ཇུས་གཞི་འདོན་རྒྱུ་ཡིན་ཟེར། ཡིན་ཡང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་དོན་རྐྱེན་བྱུང་བའི་སྐབས་ཀྱི་བརྙན་རིས་ཁག་ཅིག་ལག་ཏུ་འབྱོར་ལ། དེ་ནི་དོན་རྐྱེན་བྱུང་བའི་ཉིན་དེར་ཡ་ཏེན་ན་རྟགས་ཅན་གྱི་གྲུ་པས་ལག་ཁྱེར་ཁ་པར་གྱིས་གྲུ་གཟིངས་མནུབས་པའི་བརྒྱུད་རིམ་ཧྲིལ་བོ་བརྙན་ཕབ་བྱས་པ་དེ་རེད།
ཟླ3པའི་ཚེས13ཉིན། ཧྲན་ཝེའི་ཐེན་ཝེ་ཅའོ་ཤར་ཕྱོགས་ཀྱི་སྤྱི་ལེ5ཡོད་པའི་མཚོ་ངོས་སུ་དྲག་ཆར་བབས་པ་དང་། རླུང་ཤུགས་ཚད་རིམ6ནས7ལ་བུད། ཧན་གོ་ནས་ཀྲུའུ་ཧའེ་རུ་རྫས་འགྱུར་ཐོན་རྫས་སྐྱེལ་བའི་ཡ་ཏེན་ན་རྟགས་ཅན་གྱི་གྲུ་གཟིངས་དེ་མཚོ་རྒྱུད་དེ་ན་བསྐྱོད་པའི་སྐབས་སུ་གློ་བུར་དུ་གཡས་ཕྱོགས་སུ་འཁྱོག་པ་དང་། དོ་མཉམ་དཔྱད་ཆས་ལ་བལྟས་ན་ཏུའུ་བཅུ་གསེག་ཡོད།
ཡ་ཏེན་ན་རྟགས་ཅན་གྱི་དེད་དཔོན་ཞུའུ་ཅོན་ཧྲི་ཡིས། གྲུ་གཟིངས་དེའི་ནང་དུ་ཆུ་ཇི་ལྟར་སིམས་པ་ང་ཚོས་ཀྱང་མི་ཤེས་མོད། འོན་ཀྱང་རླུང་གཡུགས་པའི་རྐྱེན་ནམ་རྒྱུ་རྐྱེན་གཞན་གྱིས་མཚོ་ཆུ་གྲུ་ནང་དུ་བླུགས་པ་རེད་ཟེར།
ཡ་ཏེན་ན་རྟགས་ཅན་གྱི་གྲུ་ཁང་གཡས་མའི་ནང་དུ་ཆུ་བླུགས་ནས་དལ་གྱིས་གཡས་ཕྱོགས་སུ་འཁྱོག་པ་དང་། མཚོ་ཆུ་གྲུ་གཅལ་སྟེང་ནས་ཕྱིར་འཕྱུར། གྲུ་ཁང་བཅོ་བརྒྱད་ནང་དུ་བསྡོམས་པས་ཉིང་འདུས་མུ་ཟིའི་སྐྱུར་ཏུན7000དང་། འབར་སྣུམ་ཏུན140དྲུད་ཡོད་པས། གལ་སྲིད་ཕྱིར་ཤོར་བ་ན་དེའི་མཇུག་འབྲས་ནི་ཧ་ཅང་ཚབས་ཆེན་ཡིན། དེད་དཔོན་གྱིས་གྲུ་གཟིངས་མ་བསྐྱུར་གོང་དུ་འབར་སྣུམ་གྱི་སྒོ་དང་ཉིང་འདུས་མི་ཟིའི་སྐྱུར་གྱི་་སྒོ དངོས་གསོག་གྲུ་ཁང་གི་སྒོ་སོགས་དམ་པོར་བརྒྱབ་ཡོད། གྲུ་པ18པོ་ཉེ་འཁོར་གྱི་ཉ་གྲུས་བསྐྱབས་རྗེས་དངོས་སྐྱེལ་གྲུ་གཟིངས་དེ་དལ་གྱིས་ཆུ་ནང་དུ་ནུབ་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10