ཁོང་གོ་པུའུ་ནས་འགད་རྫས་མཛོད་ཁང་ཞིག་ལ་འགས་གཏོར་བྱུང་སྟེ་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།
བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-03-06
ཟླ་གསུམ་པའི་ཚེས་བཞི་ཉིན། ཁོང་གོ་པུའུ་ཡི་རྒྱལ་ས་པུའུ་ལཱ་ཁྲེ་ཝེ་ཨར་སྐམ་དམག་སྤྱིའི་སྨན་ཁང་ནས། ཁོང་གོ་པུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་སྨན་བཅོས་རུ་ཁག་གི་མི་སྣས་འགས་གཏོར་དོན་རྐྱེན་ཁྲོད་རྨས་ཕོག་པའི་རྨས་མར་སྨན་བཅོས་བྱེད་བཞིན་པ།ཁོང་གོ་པུའུ་ཡི་རྒྱལ་ས་པུའུ་ལཱ་ཁྲེ་ཝེ་ཨར་གྱི་འགད་རྫས་མཛོད་ཁང་ཞིག་ནས་ཚེས་བཞི་ཉིན་འགས་གཏོར་བྱུང་སྟེ།མི་ཉིས་བརྒྱ་དང་དྲུག་རྐྱེན་ལམ་དུ་ཤོར་བ་དང་།མི་སྟོང་ལྷག་ལ་རྨས་ཕོགཁོང་གོ་པུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བདེན་དཔང་བྱས་པ་ལྟར་ན།ཀྲུང་གོའི་བཟོ་བ་དྲུག་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།པུའུ་ལཱ་ཁྲེ་ཝེ་ཨར་གྲོང་ཁྱེར་གྱི་བེམ་པོ་འཇོག་ས་དང་ཁོང་གོ་པུའུ་ཡི་སྐམ་དམག་སྨན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན།ལས་ཁུངས་དེ་གཉིས་ལ་སོ་སོར་རྒུད་སྐྱོབ་རུ་ཁག་གིས་བསྐྱལ་ཡོང་བའི་བེམ་པོ་བརྒྱ་དང་སོ་དྲུག་དང་། བེམ་པོ་བདུན་ཅུ་འབྱོར་ཡོད་ཟེར།