ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-11-13

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ།
འདི་ནི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གསུམ་པའི་ཚོགས་ར་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་གསར་འགྱུར་ལྟེ་གནས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་མེ་ཏུས་ཡ་ལྟེ་གནས་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གསུམ་པ་བསྡུས། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཝང་གོ་ཆིན་གྱིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སུང་ཀྲི་ཅོན་དང་། རིག་གནས་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། པུའུ་ཀྲང་གཞོན་པ་ཀྲོ་ཧྲོ་ཧྭ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐེན་ཅིན། གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཀྲང་གཞོན་པ་ཅང་ཅན་གོ་བཅས་གདན་དྲངས་ཏེ་རིག་གནས་སྒྲིལ་སྲོལ་བཅོས་སྒྱུར་དང་སྤྱི་པའི་ཞབས་ཕྱིའི་མ་ལག་འཛུགས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་གསར་འགོད་པའི་དྲི་བར་ལན་བཏབ།

སུན་ཀྲི་ཅོན་གྱིས་བཤད་རྒྱུར། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལ་ཉན་རྗེས། རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་རྒྱུ་ནི་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྐང་འཛུགས་པ་དང་། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་ཟབ་མོ་བྱུང་བར་དམིགས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ནས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཇུས་ཆོད་འགངས་ཆེན་ཞིག་ཡིན་པའི་མྱོར་ཚོར་ཟབ་མོ་སྐྱེས། ཁོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། རིག་གནས་བཅོས་སྒྱུར་འཕེར་རྒྱས་ཀྱི་རིག་ལམ་གསལ་ཞིང་། བྱེད་ཐབས་དོན་ལ་གནས་པ། ཕན་འབྲས་ལེགས་པ་དེ་རང་རྒྱལ་གྱི་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པས། རིག་གནས་འཛུགས་སྐྲུན་གྱི་འདུ་ཤེས་གསར་བ་གཏན་ལ་ཕབ་པ་དང་། རིག་གནས་སྒྲིག་སྲོལ་ལམ་ལུགས་བཅོས་སྒྱུར་ལ་ཡར་སྐུལ་དང་། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་སྔར་ལས་འཕེལ་རྒྱས་བྱུང་། སྤྱིར་བལྟས་ན། རང་རྒྱལ་རིག་གནས་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཐོག་མར་བཏོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་གྱི་མཛུབ་སྟོན་འོག་ཏུ། བགྲོད་ལམ་དེ་ཅིས་ཀྱང་སྔར་ལས་ཇེ་ཡངས་སུ་འགྱུར་སྲིད་པ་དང་། སྤྱི་ཚོགས་རིག་ལུགས་རིག་གནས་ཀྱི་རྒྱལ་ཁབ་སྟོབས་དང་ལྡན་པར་བསྒྱུར་བར་ཡར་སྐུལ་གཏོང་ཐུབ་ཟེར།

ཀྲའོ་ཧྲོ་ཧྭ་ཡིས་མཚམས་སྦྱོར་བྱེད་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། རིག་གནས་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་དབང་སྒྱུ་རྩལ་གླིང་དང་ཚོགས་པར་སྐྱེ་སྟོབས་རྒྱས། རིག་གནས་ཁྲོམ་རའི་ལྟ་རྟོག་དོ་དམ་གྱི་ནུས་པ་མངོན་གསལ་དུ་ཇེ་ཆེར་གྱུར། སྤྱི་པའི་རིག་གནས་ཞབས་ཕྱིའི་སྒྲིག་ཆས་རིན་མི་ལེན་པར་སྤྱོད་པའི་ཁྱབ་ཁོངས་སྔར་ལས་ཇེ་ཆེ་དང་། ཞང་དང་གྲོང་བརྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་ཐུན་མོང་གིས་ཉམས་སུ་མྱོང་བའི་བཟོ་སྐྲུན་སོགས་དམངས་ཕན་བཟོ་སྐྲུན་སྐོར་ཞིག་ལེགས་པོར་སྒྲུབ་ཀྱིན་ཡོད་ཟེར།

ཐེན་ཅིན་གྱིས་བཤད་རྒྱུར། འདས་པའི་ལོ་བཅུའི་རིང་། རླུང་འཕྲིན་དང་གློག་བརྙན་འཕྲིན་ལས་རིགས་གོང་དུ་སྤེལ་བའི་ཐད་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་པ་དང་། སྒོས་སུ་རླུང་བརྙན་འཕྲིན་སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེར་འཐེན་པ་དང་ཞིང་སྡེ་ནས་གློག་བརྙན་སྟོན་པ་སོགས་གནད་སའི་དམངས་ཕན་བཟོ་སྐྲུན་གྱི་འཐབ་ཇུས་ལག་བསྟར་བྱས་པ་དེས་སྤྱི་པའི་རིག་གནས་ཞབས་ཕྱི་མཁར་གྲོང་གཞི་གཅིག་ཏུ་བསྒྱུར་བར་ཡར་སྐུལ་བཏང་། རླུང་འཕྲིན་དང་གློག་བརྙན་འཕྲིན་ལེ་ཚན་སྒྲིག་བཟོ། བརྒྱུད་གཏོང་ཁེབས་རྒྱ། ལག་རྩལ་ཆུ་ཚད། གསར་སྐྲུན་ནུས་པ་བཅས་མངོན་གསལ་དུ་ཇེ་ཆེར་སོང་། དྲིལ་སྒྲོག་ཤུགས་དང་ཤུགས་རྐྱེན་ནུས་པ་མངོན་གསལ་དུ་ཇེ་དྲག་ཏུ་ཕྱིན། རླུང་འཕྲིན་དང་གློག་བརྙན་འཕྲིན་གྱི་སྲིད་གཞུང་གི་བཀའ་རྒྱ་སྒྲོག་པ་དང་། ཆ་འཕྲིན་སྤེལ་བ། ཤེས་བྱ་ཁྱབ་སྒྲོག ཀུན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བའི་ཕྱོགས་ནས་ནུས་པ་གལ་ཆེན་བཏོན།

རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་དྲི་བར་ལན་འདེབས་སྐབས། སུན་ཀྲི་ཅོན་གྱིས་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དེ་ཐོན་ལས་ཅན་དང་ཁྲོམ་ར་ཅན་དུ་བསྒྱུར་བ་ཁོ་ནར་གོ་བ་བླངས་ཚེ་མི་འགྲིག་ལ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་གཉིས་ཀར་གཙིགས་འཛིན་བྱེད་པ་དང་མཉམ་དུ། ནང་དོན་རྒྱུན་འཁྱོངས་བྱེད་པ་མཆོག་ཏུ་འཛིན་རྒྱུ་དང་། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དུ་ལེན་པ། ཀུན་སྤྱོད་ཀྱི་ཚད་གཞི་བརྟན་སྲུང་། སྤྱི་ཚོགས་མཐུན་སྒྲིལ་དང་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱེད་པ་དང་། ནུས་པ་གཙོ་བོ་འདོན་སྤེལ་བྱེད་དགོས་ཟེར།

རིག་གནས་དམངས་ཕན་གྱི་འབྲེལ་ཡོད་གནས་ཚུལ་ལ་ལན་འདེབས་སྐབས། ཅང་ཅན་གོ་ཡིས་བཤད་རྒྱུར། རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་སྲིད་འཛིན་སྡེ་བ་རུ་ཞིང་ཁྱིམ་དཔེ་ཁང་འབུམ་དྲུག་ལྷག་བཙུགས་པ་དང་། ཞིང་ཁྱིམ་དཔེ་ཁང་བཙུགས་པ་དེ་ཡང་སློབ་གྲྭ་དཔེ་ཁང་དང་བཟོ་གཏེར་དཔེ་ཁང་། སྡོད་ཁུལ་དཔེ་ཁང་སོགས་དཔེ་ཁང་རིགས་སྣ་ཚོགས་བསྐྲུན་པར་ཡར་སྐུལ་བཏང་། ད་ལྟ་རྒྱལ་ཡོངས་སུ་དཔེ་ཁང་རིགས་སྣ་ཚོགས་ས་ཡ་གཅིག་ལྷག་བཙུགས་ཡོད།

  • ལེ་ཚན་སྔོན་མ།:འབར་མ་རྒྱལ་ཁབ་ཏུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་བ།
  • ལེ་ཚན་རྗེས་མ།:ཁོང་གོ་པུའུ་ནས་འགད་རྫས་མཛོད་ཁང་ཞིག་ལ་འགས་གཏོར་བྱུང་སྟེ་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།