2012-02-03
བསྒྲགས་པའི་གནས་ཚུལ་ལྟར་ན། དྲག་ཆས་འཇིགས་སྐུལ་ཉེས་ཅན་གྱིས་ཉིན་དེར་ཏི་ལཱ་ཞིང་ཆེན་ཉེ་འདབས་ཀྱི་དམག་སྒར་དུ་བགྲོད་པའི་འབྲུ་སྐྱེལ་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ཏེ་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱུང་། དྲག་ཆས་འཇིགས་སྐུལ་ཉེས་ཅན་བཅུ་གཅིག་བསད་པ་དང་། མི་གཉིས་ལ་རྨས་ཕོག སི་རི་ཡཱའི་དམག་དཔུང་ཕྱོགས་ཀྱི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག་ཟེར།གཞན་ཡང་སི་རི་ཡཱའི་ཆེད་དོན་ལས་ཁུངས་ཀྱིས་ཉིན་དེར་རྒྱལ་ས་ཏཱ་མཱ་སི་ཁོའི་ཉེ་འདབས་ཀྱི་ཨ་ཨར་པེན་ས་ཁུལ་ནས་དྲག་ཆས་འཇིགས་སྐུལ་ཉེས་ཅན་རེ་འགའ་འཛིན་བཟུང་བྱས་པ་དང་། མཚོན་ཆ་དང་འགད་རྫས་མང་བོ་གཞུང་བཞེས་བྱས། ཆེད་དོན་ལས་ཁུངས་ཀྱིས་ད་རུང་ཏཱ་མཱ་སི་ཁོའི་ཉེ་འདབས་ཀྱི་སཱ་ཀི་པཱ་ས་ཁུལ་ནས་དྲག་ཆས་འཇིགས་སྐུལ་ཉེས་ཅན་གྱི་འགས་གཏོར་སྒྲིག་ཆས་ལས་པར་བཀོལ་བའི་བཟོ་གྲྭ་ཞིག་རྩད་ཆོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10