ཀྲུང་དབྱང་བརྙན་འཕྲིན་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་་ཁུངས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་མོལ་ཟླ1པོའི་ཚེས31ཉིན་ཐེ་ཧེ་རན་ནས་མཇུག་བསྡུས། ཕྱོགས་གཉིས་ཀྱིས“འཛུགས་སྐྲུན་རང་བཞིན་གྱི་”གྲོས་མོལ་བཟང་པོ་བྱས། དབྱི་ལང་འཕྲིན་གཏོང་ཁང་གིས་འབྲེལ་ཡོད་མི་སྣའི་སྐད་ཆ་དྲངས་པ་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་འཐུས་ཚབ་ཚོགས་པས་ད་ཐེངས་ཉིང་རྡུལ་སྒྲིག་ཆས་གང་ལའང་ལྟ་སྐོར་མ་བྱས་པར་དབྱི་ལང་ཕྱོགས་ལ་གྲོས་མོལ་ཁོ་ན་བྱས་ཟེར། །