མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-02-06
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གིས་ཚེས4ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཟླ་གཉིས་པའི་ཟླ་སྨད་ལ་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་རྒོལ་གཏམ་བཏང་།
ཨུ་ཡོན་ལྷན་ཁང་དེའི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དོན་འཐབ་ཇུས་ཀྱི་གཙོ་གནད་དེ་ཨེ་ཤ་ཡཱ་རུ་ཁ་ཕྱོགས་པ་དང་། ཧན་གོའི་ལིས་མེན་པའོ་སྲིད་གཞུང་གིས་འདེམ་བསྐོའི་སྔོན་གྱི་ཉམས་ཉེན་ལས་ཐར་བར་སྟོང་བསམ་བཅངས་ཏེ་དམག་དོན་སྦྱོང་བརྡར་སྤེལ་བར་ཉེན་ཁ་ཆེན་པོ་ཡོད་ཟེར།
མགྲིན་ཚབ་པས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨ་མེ་རི་ཁ་དང་ཧན་གོའི་རང་མགོ་རང་གིས་གཡོག་སྟེ་རང་བསྟོད་བྱེད་པའི་བྱ་སྤྱོད་ཅིག་ཡིན་ཞིང་། རང་གི་ངོ་རྒོལ་སྲིད་ཇུས་ལ་དག་འབུད་བྱེད་པ་དང་། ལྷོ་བྱང་འབྲེལ་བར་གཏོར་བརླག་བྱས་པའི་འགན་འཁྲི་ཡོལ་ཐབས་བྱེད་པ། ཧན་གོའི་མང་ཚོགས་དང་གླེང་ཕྱོགས་ཀྱི་བློ་ཁ་བསྒྱུར་བ། སྟོབས་ཤུགས་ཉར་འཇོག་བྱས་ཏེ་ཟླ་བཞི་བར་སྤེལ་རྒྱུ་ཡིན་པའི་རྒྱལ་ཚོགས་ཀྱི་གྲོས་མིའི་འདེམ་བསྐོ་ལ་ལེགས་འགྲུབ་འབྱུང་བར་བྱེད་འདོད་པ་རེད་ཟེར།
མགྲིན་ཚབ་པ་དེས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོའི་ཁྲའོ་ཞན་ལ་དམིགས་པའི་བྱ་སྤྱོད་དེ་ལས་གྲོས་མོལ་གཙོ་བོར་འཛིན་པ་དེ་རྫུན་གཏམ་ཁོ་ན་ཡིན་བདེན་དཔང་བྱེད་ཐུབ་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10