མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-02-06
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཐེངས་འདིའི་སི་རི་ཡཱའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ཞིབ་རྒྱས་གསལ་བོར་མ་བཤད།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཞི་ཉིན་སི་རི་ཡཱའི་གནད་དོན་ཐད་ཀྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་ཀྱང་གྲོས་འཆམ་མ་བྱུང་།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེའི་མུའུ་ནེ་ཧེའི་བདེ་འཇགས་སྲིད་ཇུས་གྲོས་ཚོགས་སྟེང་བཤད་རྒྱུར། གྲོས་ཆོད་འཆར་ཟིན་དེ་ད་རུང་ཕྱོགས་གཉིས་ནས་བཟོ་བཅོས་བྱེད་དགོས་ཏེ། གཅིག་ནི་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མོལ་ལ་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དང་། གཉིས་ནི་འབྲེལ་ཡོད་བྱེད་ཐབས་སི་རི་ཡཱའི་སྲིད་གཞུང་ཁོ་ནར་དམིགས་པ་ཙམ་ལས་ངོ་རྒོལ་ཕྱོགས་ཁག་ལ་བཀོལ་སྤྱོད་མི་བྱེད་པ་དེ་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10