བསོད་ནམས་ཚེ་རིང་། མཚོ་སྔོན་ཉིན་རེའི་ཚགས་པར། 2012-02-01
ཡེ་མིན་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་གྱི་བདེ་འཇགས་མི་སྣས་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུས་ཉིན་དེར་ཞིང་ཆེན་དེའི་ཤར་ཕྱོགས་ཀྱི་ལུའུ་དར་གྲོང་ཁྱེར་ནས་རྟེན་གཞི་རྩ་འཛུགས་ཀྱི་རླངས་འཁོར་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་རྟེན་གཞི་རྩ་འཛུགས་ཀྱི་མགོ་ཁྲིད་པ་བཞི་དང་དྲག་ཆས་ཉེས་ཅན་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར།
ཨ་པུས་དབྱང་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་བདེ་འཇགས་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུ་གསུམ་གྱིས་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་རྟེན་གཞི་རྩ་འཛུགས་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གི་རླངས་འཁོར་རུ་ཁག་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། རླངས་འཁོར་རུ་ཁག་དེས་རྟེན་གཞི་རྩ་འཛུགས་ཀྱི་མགོ་ཁྲིད་པ་འགའ་དྲུད་ཡོད་ལ། རྟེན་གཞི་རྩ་འཛུགས་ཀྱི་དམག་དོན་མགོ་ཁྲིད་པ་མཱ་ལི་ཁི་ཏཱ་ཡཱ་ནེ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། རྟེན་གཞི་རྩ་འཛུགས་ཀྱི་མགོ་ཁྲིད་པ་གཞན་པ་གསུམ་དང་དྲག་ཆས་མི་སྣ་བཅོ་ལྔ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར། ཁོ་ཚོ་ཅང་མ་འགོར་བའི་སྔོན་མཐོ་རིམ་གྲོས་ཚོགས་ཤིག་ལ་ཞུགས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10