2012-01-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ཨེ་ཧ་མེ་ཏེ་ནེ་ཅ་ཏི་ཡིས་ཚེས12ཉིན་བཤད་རྒྱུར། ཁུ་པ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པའི་སྐབས་སུ། ཁོས་ཁུ་པའི་གསར་བརྗེའི་མགོ་ཁྲིད་པ་ཧྥེ་ཏི་ཨར་ཁ་སི་ཐི་ལའོ་དང་གྲོས་མོལ་བྱས་པ་དང་། ཁོ་གཉིས་ཀྱིས་ས་ཁུལ་མང་པོ་དང་རྒྱལ་སྤྱིའི་གནད་དོན་ཐད་ལ་ལངས་ཕྱོགས་གཅིག་འདྲ་བཟུང་ཡོད་ཟེར། ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལའོ་ཨར་ཁ་སི་ཐི་ལོ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ལ་དུས་ཚོད2ལྷག་འགོར་བ་དང་། འདི་ལས་ཧྥེ་ཏི་ཨར་ཁ་སི་ཐི་ལོ་ཡི་ལུས་ཕུངས་བདེ་ཐང་ཡིན་པ་གསལ་བོར་མཚོན་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10