པདྨ་ཚེ་བརྟན་གྱི་འཁྲབ་གཞུང《དབུགས་ལྒང》ཞེས་པ་ཞང་ཀང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུར་ཚུད།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-02-02

པདྨ་ཚེ་བརྟན་གྱི་འཁྲབ་གཞུང《དབུགས་ལྒང》ཞེས་པ་ཞང་ཀང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུར་ཚུད།

             

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན། ཟླ3པའི་ཚེས19ནས་ཚེས21བར། སྐབས་བཅུ་བའི་ཞང་ཀང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུ(HAF)དེ་ཞང་ཀང་ཚོགས་འདུ་འགྲེམ་སྟོན་ལྟེ་གནས་སུ་སྤེལ་རྒྱུ་ཡིན་ཞིང་། སྐབས་འདིའིHAFསྟེང་རྒྱལ་ཁབ45དང་ས་ཁུལ200ལྷག་གིས་གློག་བརྙན་འཆར་འགོད་ཀྱི་ཡར་ཞུའི་ཡི་གེ་བསྐུར་ཡོད་པ་དང་། མཇུག་མཐར་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་ཏེ་རྒྱལ་ཁབ་དང་ས་ཁུལ20ཡི་གློག་བརྙན་འཆར་འགོད32བདམས་ཐོན་འབྱུང་འཆར་ཡོད་པ་རེད། དེའི་ནང་ཨོ་གླིང་དང་།ཡ་མེ་ཉི་ཡ། ཀྲུང་གོ ཇེ་ཁི། ཞང་ཀང་། ཧིན་རྡུ་ཉི་ཞི་ཡ། རྒྱ་གར། ཡེ་སི་ལེ། ཉི་ཧོང་། ལེ་པཱ་ནིན། མཱ་ལེ་ཞི་ཡ། ཧྥེ་ལུ་ཕིན། ཇེ་ཁི་སི་ལོ་ཧྥ་ཁི། ཁོ་རི་ཡ་ལྷོ་མ། ཐེ་ཝན། ཐེ་རྒྱལ་ཁབ་སོགས་འདུས། 
 འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་འཁྲབ་གཞུང་གསར་བ《དབུགས་ལྒང》ཞེས་པ་ཐེངས་འདིའི་འཆར་གཞིའི་ཁྲོད་ཚུད་ཡོད་པ་དང་། ཁོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། 《དབུགས་ལྒང》ཞེས་པས་གཙོ་བོ་རྣམ་ཤེས་དང་དོན་དངོས་བར་གྱི་འབྲེལ་བ་བརྗོད་པ་དང་། འཁྲབ་གཞུང་འདི་ལ་ཁོ་རེ་ཡའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང“ACF”འཁྲབ་གཞུང་འཕེལ་རྒྱས་ཐེབས་རྩའི་བྱ་དགའ་ཐོབ་མྱོང་ཟེར། 


  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཡེ་མིན་རྟེན་གཞི་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་ཏེ་
  • ལེ་ཚན་རྗེས་མ།:གློག་བརྙན《བོར་ཟིན་པའི་སྦྲ་ནག》ལེགས་གྲུབ་འགྲེམ་སྤེལ་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།