འཛམ་གླིང་གི་གཏམ་བཤད་གྲགས་ཅན་འདེམས་བསྒྱུར་གྱི་དེབ་སྤུས་དག་ཅན་ཞིག་ཚོང་རར་བཀྲམས་པ།

སེང་ཆེན།        2012-01-13

                 འཛམ་གླིང་གི་གཏམ་བཤད་གྲགས་ཅན་འདེམས་བསྒྱུར་གྱི་དེབ་སྤུས་དག་ཅན་ཞིག་ཚོང་རར་བཀྲམས་པ།
ཉེ་ཆར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གི་ཀྲུའུ་རེན། ཞུས་ཆུང་ལོ་ཙཱ་བ་ཟླ་བ་ཚེ་རིང་ལགས་དང་། ལས་ཁུངས་དེའི་ཞུས་ཆུང་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་གཉིས་ཀྱིས་ཕྱི་ནང་གི་འགོག་རྐྱེན་ཙག་ཙིག་གདོང་གིས་བསུས་ཏེ། འཛམ་གླིང་གི་གཏམ་བཤད་གྲགས་ཅན་གང་མང་ཞིག་བསྒྱུར་ཏེ་དེབ་ཀྱི་ཁ་བྱང་ལ་༼བདག་ལ་རེ་བའི་རྨི་ལམ་ཞིག་ཡོད༽ཅེས་པ་དཔེ་བསྐྲུན་བྱས་ནས་ཚོང་རར་བཀྲམས།  ༼དེབ་འདིར་གཙོ་བོ་བརྗོད་བྱར་དབྱེ་སྟེ་ནང་དོན་མི་འདྲ་བ་ཁག་ལྔ་རུ་བགོས་འདུག་སྟེ། དང་པོ། རྟུལ་ཕོད་ཀྱི་ང་རོ། གཉིས་པ། དཔྱོད་ཤེས་ཀྱི་གཟི་བྱིན། གསུམ་པ། བདེན་དོན་གྱི་རང་མདངས། བཞི་བ། རང་དབང་གི་འབོད་སྐུལ།༽

  • ལེ་ཚན་སྔོན་མ།:འཇར་མན་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཡོ་རོབ་གླིང་གི་དངུལ་བུན་ཉམས་ཉེན་ཐད་ནས་གྲོས་མོལ་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་སུ་དབྱར་རྩ་དགུན་འབུའི་རིན་གོང་ལོ་རྒྱུས་སྟེང་ཆེས་མཐོ་རུ་སོན་པ།
  • དོ་སྣང་ཆེ་བའི་རྩོམ།