འཇར་མན་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཡོ་རོབ་གླིང་གི་དངུལ་བུན་ཉམས་ཉེན་ཐད་ནས་གྲོས་མོལ་བྱས།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-01-13

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གཅིག་ཉིན་པོ་ལིན་དུ་ཡོད་པའི་ཙུང་ལིའི་བཞུགས་ཤག་ནས་དབྱི་ཐཱ་ལེའི་ཙུང་ལི་མིན་ཏིས་དང་མཉམ་དུ་ཡོ་རོབ་གླིང་གི་དངུལ་བུན་ཉམས་ཉེན་ཐད་ནས་གྲོས་མོལ་བྱས།དེ་ནི་མིན་ཏིས་ཀྱིས་ན་ནིང་ཟླ་བཅུ་གཅིག་པར་དབྱི་ཐཱ་ལེའི་ཙུང་ལིའི་འགན་ཁུར་བའི་ཚུན་ཐོག་དང་པོར་འཇར་མན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་རེད།གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར།མའོ་ཁི་ཨར་གྱིས་དབྱི་ཐཱ་ལེའི་སྲིད་གཞུང་གིས་ཅང་མ་འགོར་བའི་སྔོན་གྲོས་མཐུན་བཀོད་པའི་སྤྱིའི་འབོར་གྲངས་ཡོ་རོབ་གླིང་གི་སྒོར་མོ་ཐེར་ཆེན་གསུམ་ཡིན་པའི་ནོར་སྲིད་གྲོན་ཆུང་གྲོས་གཞི་ལ་གཟེངས་བསྟོད་བྱས་པ་དང་།ཁོ་མོས་བཤད་རྒྱུར།དབྱི་ཐཱ་ལེའི་སྲིད་གཞུང་གིས་ཉིན་འགའི་ནང་བྱེད་ཐབས་གལ་ཆེན་སྤྱད་ཅིང་།དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་ནོར་སྲིད་སྲ་བརྟན་དང་གྲུབ་ཚུལ་ལེགས་བཅོས་ཐད་ནས་ཡུན་ཚད་མྱུར་བའི་དོན་དངོས་གནས་ཚུལ་མངོན་པར་བྱས།བྱེད་ཐབས་དེ་དག་ལ་བརྟེན་ནས་དབྱི་ཐཱ་ལེའི་ནོར་སྲིད་ལ་ཤུགས་སྣོན་ཐོབ་ཡོད་ཟེར།མིན་ཏིས་ཀྱིས་བཤད་རྒྱུར།དབྱི་ཐཱ་ལེའི་མང་ཚོགས་སྲིད་གཞུང་གི་ནོར་སྲིད་གྲོན་ཆུང་གྲོས་གཞི་ལ་བསམ་འཆར་ཆེན་པོ་མེད་པས།དེ་ལ་ཡོ་རོབ་གླིང་གིས་བརྩི་འཇོག་བྱེད་དགོས་པ་དང་།དབྱི་ཐཱ་ལེའི་མི་རྣམས་ཀྱིས་ཡོ་རོབ་གླིང་གི་བརྟན་འཇགས་སླར་གསོ་བྱེད་པའི་ཐད་ཀྱི་དམ་བཅའ་ལག་བསྟར་བྱེད་པར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡིད་ཆེས་བྱེད་དགོས་ཟེར།
  • ལེ་ཚན་སྔོན་མ།:སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:འཛམ་གླིང་གི་གཏམ་བཤད་གྲགས་ཅན་འདེམས་བསྒྱུར་གྱི་དེབ་སྤུས་དག་ཅན་ཞིག་ཚོང་རར་བཀྲམས་པ།
  • དོ་སྣང་ཆེ་བའི་རྩོམ།