སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་ཚོགས་འདུ་བསྡུས།

སྒྲོལ་མ་རྒྱལ་གྱིས།    མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས།    2012-01-12

མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པས་རྩ་འཛུགས་བྱས་བའི་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་ཚོགས་འདུ་༡༠༡༢ལོའི་སྤྱི་ཟླ་དང་པོའི་ཚེས་༡༡ཉིན་ནས་ཚེས་༡༣ཉིན་བར་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒན་སངས་རྒྱས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒན་ལྕགས་ཐར་རྒྱལ། བོད་ལྗོངས་སློབ་ཆེན་གྱི་རྒན་ཞལ་ལྕེ་ལྷག་པ་ཚེ་རིང་།ར་རྒྱ་ཤེས་རིགས་ནོར་བུའི་སློབ་གླིང་གི་རྒན་ འཇིགས་མེད་རྒྱ་མཚན་སོགས་ལས་ཐོག་སློབ་ཆུང་དགེ་རྒན་གཙོ་བྱས་པའི་སྐུ་མགྲོན80ལྷག་དང་། གཞན་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་གྱི་འགོ་གཙོ་དང་མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་མདོ་བ་ཀུན་བཟང་ཤེས་རབ། མཚོ་སྔོན་བོད་ཞིབ་འཇུག་ཚོགས་པ། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་དང་སློབ་གསོའི་སྡེ་ཚན་གྱི་སྲིད་འཛིན་འགན་ཁུར་པའང་ཚོགས་འདུར་ཞུགས་ཡོད།ཐེངས་འདིར་མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པས་ད་ལྟའི་མདོ་དབུས་ཁམས་གསུམ་གྱི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་གསར་པའི་སྐོར་ལ་བསམ་འཆར་གང་མང་འདོན་པ་དང་། ལས་ཐོག་དགེ་རྒན་གང་མང་ཞིང་གིས་ཀྱང་འདིའི་སྐོར་ལ་དཔྱད་བརྗོད་གནང་བཞིན་ཡོད་པ། ལྷག་པར་དུ་ཉེ་ལམ་སློབ་དེབ་སྣ་ཚོགས་ལ་ཚད་གཞི་གསར་བ་ལྟར་ལེགས་བཅོས་བྱས་ནས་སློབ་ཆུང་རིམ་པར་སྐད་ཡིག་རྨང་གཞི་ལེགས་པོ་ཆགས་པར་ཐབས་ལམ་གང་ལེགས་འཚོལ་བར་དམིགས་ནས་བསྡུས་བ་དང་། ཐེངས་འདིའི་དཔྱད་གླེང་ཚོགས་ཐོག་ཏུ་མདོ་དབུས་ཁམས་གསུམ་གྱི་ཆེད་མཁས་བ་དང་དགེ་རྒན་དག་གི་དཔྱད་རྩོམ༣༠ཙམ་འབྱོར་ལ་ཡོད་ཚད་སློབ་ཆུང་གི་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་སྐོར་བརྗོད་བྱར་བཟུང་ནས་བྲིས་ཡོད་པས་ཕལ་ཆེར་སློབ་ཆུང་སྐད་ཡིག་སློབ་དེབ་དང་འཁྲིད་ཐབས་ལ་ཞིབ་འཇུག་གནང་བའི་ཆུ་ཚད་མཐོ་ཤེས་ཡིན །སློབ་ཆུང་སྐད་ཡིག་ནི་སློབ་གསོའི་རྨང་གཞི་གཙོ་བོ་ཡིན་པས། ཐེངས་འདིའི་ཚོགས་འདིའི་སྟེང་ཚོགས་ཞུགས་པ་དག་གིས་དེང་སྐབས་སྤྱོད་བཞིན་པའི་སློབ་ཆུང་བོད་ཡིག་སློབ་དེབ་ཀྱི་ཁྱད་ཆོས་དང་དགེ་མཚན། སྐྱོན་ཆའམ་མི་འདང་ས། བོད་ཡིག་འཁྲིད་ཐབས་དང་ཉམས་མྱོང་། དེའི་འཆར་སྒོ་དང་རིགས་ལམ། གྲོས་གཞི་སྐོར། བོད་སྐད་ཡིག་གི་ཁྱད་ཆོས་དང་མིང་ཚིག་ཡི་གེའི་ཚོགས་གསུམ་ལ་འཇུག་པའི་གོ་རིམ་དང་ཐབས་ཤེས།་ཆ་འཕྲིན་དུས་རབས་ནང་བོད་ཀྱི་སློབ་ཆུང་སློབ་མར་ལྟ་ཀློག་རྩོམ་ཡིག་ག་འདྲ་སྤྲོད་དགོས་བ་བཅས་ལ་དབྱེ་ཞིབ་རྟོག་དཔྱོད་བྱེད་པ་དང་། ཡུལ་ཕྱོགས་སོ་སོའི་སློབ་གསོ་བ་དང་སྐད་ཡིག་དགེ་རྒན་བཅས་ཀྱིས་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་ཐད་ལྟ་ཚུལ་དང་བསམ་འཆར་ག་འདྲ་ཡོད་པ་བཅས་ལ་དཔྱད་པ་བཏང་སྟེ། རྗེས་རབས་པ་རྣམས་ལ་སློབ་ཆུང་རིམ་པར་སྐད་ཡིག་རྨང་གཞི་ལེགས་པོ་ཆགས་པར་ཐབས་ལམ་གང་ལེགས་འཚོལ་བཞིན་ཡོད།

  • ལེ་ཚན་སྔོན་མ།:བོད་རིག་པའི་ཆེད་མཁས་ཆར་ལེ་སི་རམ་བྷོ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་གནངས་པ།
  • ལེ་ཚན་རྗེས་མ།:འཇར་མན་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཡོ་རོབ་གླིང་གི་དངུལ་བུན་ཉམས་ཉེན་ཐད་ནས་གྲོས་མོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།