ཀྲི་ལིའི་ནགས་ཚལ་མེ་སྐྱོན་མཚམས་མ་ཆད་པར་འབར་བས་མེ་སྐྱོན་ཐེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གསུམ་ལས་བརྒལ་བ།

        2012-01-05

ཚེས་གསུམ་ཉིན། ཀྲི་ལི་རྒྱལ་ཁབ་དབུས་ལྷོ་ཕྱོགས་ཀྱི་ནགས་ཚལ་མེ་སྐྱོན་གནས་ལྔ་བཅུའི་ནང་གི་གནས་ཉི་ཤུ་ལྷག་ལ་ད་དུང་ཚོད་འཛིན་བྱེད་ཐུབ་མེད་པ་དང་། མེ་སྐྱོན་ཐེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གསུམ་ལས་བརྒལ། ཀྲི་ལི་དང་། ཨ་ཀེན་ཐིན། ཝུ་ར་ཀུའེ་བཅས་ནས་ཐོན་པའི་མེ་འགོག་མི་སྣས་ད་དུང་ཧུར་བརྩོན་སྒོས་མེ་གསོད་ཉེན་སེལ་བྱེད་ཀྱིན་ཡོད།ཀྲི་ལི་དཔལ་འབྱོར་པུའུ་ཀྲང་པཱ་པོ་ལོ་ལོང་ཀེ་ལཱ་ཡིས་ཚེས་གསུམ་ཉིན་གནོད་ཁུལ་ལ་ལྟ་ཞིབ་བྱས་རྗེས་བསྟན་དོན། སྔོན་ལ་གནོད་པ་ཚབས་ཆེན་ཐེབས་པའི་པཱེ་ནེ་རྒྱལ་ཁབ་སྤྱི་གླིང་གི་བྱང་ཕྱོགས་དེ་ད་ལྟ་བདེ་འཇགས་ཡིན། སྲིད་གཞུང་གིས་གཟའ་འཁོར་གཅིག་གི་ནང་ལྟ་སྐོར་བ་ལ་གསར་དུ་སྒོ་འབྱེད་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཀྲི་ལེར་ལོ་སར་སྐབས་སུ་མེ་སྐྱོན་མང་དུ་བྱུང་བ།
  • ལེ་ཚན་རྗེས་མ།:དབྱི་ལིང་གིས་ཨ་རིའི་གནམ་གྲུ་འབབ་འཕུར་བྱེད་སའི་གྲུ་གཟིངས་པའོ་སི་ཝན་མཚོ་ཁུག་ཏུ་ཕྱིར་འོངས་མི་ཆོག་པའི་ཉེ
  • དོ་སྣང་ཆེ་བའི་རྩོམ།