ཁེར་གྷི་སི་ཐན་གྱི་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་

རྡོ་ཐར།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2011-12-30

ཁེར་གྷི་སི་ཐན་གྱི་ཐུའུ་༡༣༤ཅན་གྱི་མགྲོན་སྐྱེལ་གནམ་གྲུ་ཚེས་ཉེར་བརྒྱད་ཉིན་ཨོ་ཧྲི་གནམ་གྲུ་ཐང་ནས་སར་འབབ་སྐབས་རྒྱུག་ལམ་ལས་ཕྱིར་ཤོར་ནས་གནམ་གྲུའི་ཤོག་པ་གཉིས་ཆག་སྟེ་མེར་འབར་བས་ཉུང་མཐར་ཡང་མི་སོ་གཅིག་ལ་རྨས་ཕོག དོན་རྐྱེན་བྱུང་སྐབས་སྨུག་པ་འཐིབས་པ་དང་གནམ་གྲུའི་སྟེང་དུ་མགྲོན་པོ་མི་བརྒྱ་ལྷག་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་གནམ་གྲུའི་སྟེང་གི་མགྲོན་པོ་དང་ལས་བྱེད་མི་སྣ་དུས་ལྟར་ཕྱོགས་ཡར་མར་ལ་བསྐྱལ། མིག་སྔར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་རྟོག་དཔྱོད་བྱེད་བཞིན་པའི་སྒང་ཡིན།
  • ལེ་ཚན་སྔོན་མ།:ཁྲའོ་ཞན་གྱིས་ཅིན་ཀྲིན་རི་སྐུ་གཤེགས་པར་གཟབ་རྒྱས་ངང་མྱ་ངན་ཚོགས་ཆེན་བསྡུས།
  • ལེ་ཚན་རྗེས་མ།:འཛམ་གླིང་གི་ས་ཁུལ་སོ་སོའི་མི་དམངས་ཀྱི་ལོ་སར་བསུས་པ།
  • དོ་སྣང་ཆེ་བའི་རྩོམ།