མགོན་པོ་ཚེ་རིང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2011-12-19
ལི་པི་ཡ་རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་བླང་བྱ་བཏོན་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པི་ཡར་བཀག་སྡོམ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་ལི་པི་ཡའི་ཀྲུང་དབྱང་དངུལ་ཁང་དང་ཕྱི་རྒྱལ་གྱི་དངུལ་གཏོང་དངུལ་ཁང་ཞིག་ལ་བཀག་སྡོམ་མི་བྱེད་པར་བཏང་།
ལི་པི་ཡ་རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅ་ལིས་ལིག་གིས་གཟའ་འཁོར་སྔོན་མར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འཕྲིན་ཡིག་སྐུར་ནས་བཤད་དོན། བཀག་སྡོམ་བྱེད་མཚམས་བཞག་པ་དེས་ལི་པི་ཡ་གསར་བའི་སྤྱི་ཚོགས་སླར་གསོ་དང་ཆེ་ཕྱོགས་ཀྱི་དཔལ་འབྱོར་གཏན་འཇགས། དངུལ་ཁང་ལས་རིགས་ཀྱི་ཡིད་ཆེས་ཆེར་བསྐྱེད། རྒྱལ་སྤྱི་དང་རྒྱལ་ནང་གི་དངུལ་ཁང་ཚོང་གཉེར་བདེ་བླག་ངང་ལེགས་འགྲུབ་བྱུང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་ལོའི་ཟླ་གཉིས་པ་དང་ཟླ་གསུམ་པར་སྔ་གཞུག་ཏུ་ཆོད་དོན་བརྒྱུད་དེ། ལི་པི་ཡ་རུ་གནམ་གྲུ་འཕུར་མི་ཆོག་པའི་ས་ཁུལ་བཙུགས་པ་མ་ཟད། རྒྱུ་ནོར་བཀག་འཇོག་དང་མཚོན་ཆ་སྐྱེལ་འདྲེན་བྱེད་མི་ཆོག་པ་སོགས་བཀག་སྡོམ་བྱེད་ཐབས་སྤེལ་བ་རེད།
ཉིན་དེའི་དགོང་མོར། ཨ་མེ་རི་ཁའི་ཕོ་བྲང་དཀར་བོས་གསལ་བསྒྲགས་སྤེལ་དོན། ཨ་མེ་རི་ཁས་ལི་པི་ཡ་སྲིད་གཞུང་ལ་བཀག་སྡོམ་བྱེད་པའི་བྱེད་ཐབས་མང་བོ་མཚམས་འཇོག་རྒྱུ་ཡིན་པ་དང་། ལི་པི་ཡ་སྲིད་གཞུང་དང་ཀྲུང་དབྱང་དངུལ་ཁང་གི་ཨ་མེ་རི་ཁའི་ཁྲིམས་འཛིན་ཁོངས་གཏོགས་འོག་གི་རྒྱུ་ནོར་ཡོངས་བཀག་འཇོག་བྱེད་འཚམས་འཇོག་རྒྱུ་ཡིན་པ་བསྒྲགས་ལ། འོན་ཀྱང་དེའི་ནང་དུ་ལི་པི་ཡ་མགོ་ཁྲིད་སྔོན་མ་ཁ་ཀྲ་ཧྥེ་དང་ཁོའི་ཡུལ་མི། དེ་མིན་ད་དུང་སྲིད་གཞུང་སྔོན་མའི་མགོ་བ་གཙོ་བོ་དག་གི་རྒྱུ་ནོར་བཀག་འཇོག་བྱེད་མཚམས་བཞག་པའི་གྲས་སུ་མི་གཏོགས་པ་ཡིན་ཟེར།
ད་ལོའི་ཟླ་གཉིས་པར། ལི་པི་ཡའི་ནང་འཁྲུག་ལངས་རྗེས། ཨ་མེ་རི་ཁས་ཁཱ་ཀྲ་ཧྥེ་དང་འབྲེལ་ཡོད་མི་སྣ། ལི་པི་ཡ་སྲིད་གཞུང་དང་ཀྲུང་དབྱང་དངུལ་ཁང་གི་ཨ་མེ་རི་ཁ་རུ་ཡོད་པའི་རྒྱུ་ནོར་སྡོམ་པའི་ཨ་སྒོར་ཐེར་ཆེན་གསུམ་སྟེ་ཀྲུང་གོའི་སྒོར་མོ་ཁྲག་ཁྲིག་ཆིག་ཐེར་འབུམ་དགུ་བཀག་སྡོམ་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10