བསོད་ནམས་ཚེ་རིང་། 2011-12-19
དབྱི་ལིང་གསང་འཕྲིན་ལས་ཁུངས་ཀྱིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་ཟེར།
གསལ་སྒྲོག་ནང་བཤད་རྒྱུར། གསང་མྱུལ་བ་དེའི་ཕ་ཡུལ་དབྱི་ལིང་གི་ཡིན་ཞིང་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་དབྱེ་ཞིབ་མི་སྣ་ཞིག་རེད། སྔོན་ཆད་དབྱི་རག་དང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིའི་གསང་འཕྲིན་སྡེ་ཁག་ནས་བྱ་བ་སྒྲུབས་མྱོང་། དེའི་དམིགས་ཡུལ་ནི་འཆར་འགོད་ཞིབ་མོ་བྱེད་པའི་ལས་འགན་ལག་བསྟར་བྱས་ཏེ་དབྱི་ལིང་གསང་འཕྲིན་ལས་ཁུངས་ནང་ཁུལ་དུ་འཛུལ་བའི་ཆེད་དུ་རེད། དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་གསང་མྱུལ་བ་དེ་ཨ་ཧྥུའུ་ཧན་གྱི་པཱ་ཀི་ལཱ་མུའུ་རུ་སྡོད་པའི་ཨ་མེ་རི་ཁའི་མཁའ་དམག་རྟེན་གཞི་རུ་ཡོང་སྐབས་དེའི་ཐོབ་ཐང་གསལ་བོར་ཤེས་པ་ཡིན། གསང་མྱུལ་བ་དེ་དབྱི་ལིང་དུ་འབྱོར་རྗེས་དབྱི་ལིང་གསང་འཕྲིན་ལས་ཁུངས་ཀྱིས་ལྟ་རྟོག་ནན་མོ་བྱས་པ་དང་། ཁོས་གསང་འཕྲིན་འཚོལ་སྡུད་ལས་འགན་ལག་བསྟར་བྱེད་སྐབས་འཛིན་བཟུང་བྱས་པ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་དུ་གསང་འཕྲིན་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་ཆེད། ཨ་མེ་རི་ཁའི་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་སྟེ་དབྱི་ལིང་གསང་འཕྲིན་ལས་ཁུངས་སུ་ཇི་ལྟར་ཞུགས་པར་འཆར་འགོད་ཞིབ་མོ་བྱས་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10