མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི2012ལོ་སར་དགོང་ཚོགས《གཡུ་འབྲུག་དགྱེས་གླུ》ཞེས་པའི་བརྙན་ལེན་ཕབ་སྐྲུན་ཕུན་སུམ་ཚོགས་པའི་ངང་མཇུག་རྫོགས།

འབྲུག་ལྷ་རྒྱལ།    མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས།    2011-12-16

2011ལོའི་ཟླ12པའི་ཚེས9ཉིན་གྱི་དགོང་མོར།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་དགོང་ཚོག་གཡུ་འབྲུག་དགྱེས་གླུ་ཞེས་པའི་བརྙན་ལེན་ཕབ་སྐྲུན་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཁང་ཆེན་མོ་རུ་བསྡུས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པདྨ་དང་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ།མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་ཟི་ལེན་ཡོན་གཞོན་པ་བཞི་མགོན་པོ།བློ་མཐུན་རྒན་པ་གཡང་མོ་རྒྱལ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཞང་མེན།མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕུར་བ།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་ཀྲིག་ཞན་ཨན་སོགས་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་པས་ལྟད་མོ་བ་དག་དང་ལྷན་དུ་ལོ་སར་དགོང་ཚོགས་ལ་རོལ།དགོང་ཚོགས་དེ་ཉིད《གངས་ལྗོངས་འབྲུག་བརྒྱའི་གར་སྟབས》ཞེས་པའི་སྤྲོ་ཉམས་ཆེ་བའི་ཞབས་བྲོའི་ཁྲོད་མགོ་བརྩམས་པ་དང་།བོད་ལྗོངས་དང་ཟི་ཁྲོན།ཀན་སུའུ།ཡུན་ནན།པེ་ཅིན།མཚོ་སྔོན་སོགས་ནས་ཡོང་བའི་སྒྱུ་རྩལ་པ་རྣམས་ཀྱིས་ཡིད་དབང་འཕྲོག་པའི་ལོ་སར་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་བས།དགོང་ཚོགས་ཡོངས་དགའ་སྐྱིད་སྤྲོ་གསུམ་གྱི་རྣམ་པས་ཁེངས་པར་བྱས།དགོང་ཚོགས་དེ་ཉིད་གླུ་དབྱངས་དང་ཞབས་བྲོ་གཙོ་བྱས་པའི་དམངས་གླུ་དང་། རྩེད་རིག ཁ་ཤགས། གར་ཆུང་སོགས་ཀྱིས་གྲུབ་ཡོད་པས། ནང་དོན་ཕུན་སུམ་ཚོགས་ལ། ལྟ་འདོད་དང་ཉན་འདོད་ཆེ་བ་ཞིག་རེད།
དགོང་ཚོགས་དེ་ཉི་འོད་ལམ་ཞེས་པའི་གླུ་གར་གྱིས་མཐོ་རླབས་སུ་བསྐྱེད་དེ་མཇུག་རྫོགས་པ་དང་།འབྲེལ་ཡོད་མགོ་ཁྲིད་པ་དག་གར་སྟེགས་སུ་ཕེབས་ནས་འཁྲབ་སྟོན་རྣམས་ལ་རེ་རེ་བཞིན་ཕྱག་འཇུ་གནང་སྟེ། མཉམ་དུ་པར་བླངས།
                          མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི2012ལོ་སར་དགོང་ཚོགས《གཡུ་འབྲུག་དགྱེས་གླུ》ཞེས
                                            མགོ་ཁྲིད་རྣམ་པས་དགོང་ཚོགས་ལ་གཟིགས་བཞིན་པ།

                                    མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི2012ལོ་སར་དགོང་ཚོགས《གཡུ་འབྲུག་དགྱེས་གླུ》ཞེས

                                                                               ཁྱེད་རྣམ་པའི་ལོ་སར་བཟང་ངམ།
                                                      མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི2012ལོ་སར་དགོང་ཚོགས《གཡུ་འབྲུག་དགྱེས་གླུ》ཞེས
                                                                  ཡུལ་གངས་སྐྱིད་པའི་བཀྲ་ཤིས་ཤོག
                                                         མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི2012ལོ་སར་དགོང་ཚོགས《གཡུ་འབྲུག་དགྱེས་གླུ》ཞེས
                            
      དགོད་གཏམ་ཀུ་རེ་བཤད་ན་སྤྲོ་མོ་ཡིན།
         མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི2012ལོ་སར་དགོང་ཚོགས《གཡུ་འབྲུག་དགྱེས་གླུ》ཞེས

                                   གཏན་དུ་བདེ་བ་འཐོབ་པར་ཤོག

                           
  • ལེ་ཚན་སྔོན་མ།:ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ཀྱིས་ཟླ་ཕོགས་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ་དང་ལས་ཤོར་རྒུད་སྐྱོབ་མ་དངུལ་སྟེར་བའི་བ
  • ལེ་ཚན་རྗེས་མ།:དབྱི་ལིང་གིས་ཨ་མེ་རི་ཁའི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་པར་བཤད།
  • དོ་སྣང་ཆེ་བའི་རྩོམ།