ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ཀྱིས་ཟླ་ཕོགས་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ་དང་ལས་ཤོར་རྒུད་སྐྱོབ་མ་དངུལ་སྟེར་བའི་བཅའ་ཁྲིམས་འཆར་ཟིན་གྱི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2011-12-16

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅོ་ལྔ་ཉིན་རྒྱལ་ཚོགས་ཀྱིས་གླས་མིའི་ཟླ་ཕོགས་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ་དང་དུས་ཡུན་རིང་བོའི་ལས་ཤོར་མཁན་ལ་རྒུད་སྐྱོབ་མ་དངུལ་སྟེར་བའི་སྲིད་ཇུས་ཀྱི་ཡུན་ཚད་ཇེ་རིང་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་དགོས་པའི་སྐུལ་མ་བཏང་།ཨོ་པཱ་མཱ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ།རྒྱལ་ཚོགས་ཀྱིས་ཀྱིས་གླས་མིའི་ཟླ་ཕོགས་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ་དང་དུས་ཡུན་རིང་བོའི་ལས་ཤོར་མཁན་ལ་རྒུད་སྐྱོབ་མ་དངུལ་སྟེར་བའི་སྲིད་ཇུས་ཀྱི་ཡུན་ཚད་ཇེ་རིང་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་མ་བཀོད་གོང་གྲོས་ཚོགས་གྲོལ་མི་རུང་ཞིང་།གྲོས་མི་རྣམས་ཀྱིས་ངལ་གསོ་མ་བྱས་གོང་ངེས་པར་དུ་ཟླ་ཕོགས་ཁྲལ་དངུལ་གྱི་འགན་ཁུར་སང་ལོར་ཇེ་མཐོར་མི་འགྲོ་བ་དང་ལས་ཤོར་མཁན་ལ་སྟེར་བའི་རྒུད་སྐྱོབ་མ་དངུལ་སང་ལོར་མུ་མཐུད་དུ་སྟེར་བར་འགན་སྲུང་བྱེད་དགོས་ཟེར།
  • ལེ་ཚན་སྔོན་མ།:༢༠༡༡ལོའི་ནོ་པེལ་གྱི་བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཆུ་ཕོ་འབྲུག་ལོའི2012ལོ་སར་དགོང་ཚོགས《གཡུ་འབྲུག་དགྱེས་གླུ》ཞེས
  • དོ་སྣང་ཆེ་བའི་རྩོམ།