༢༠༡༡ལོའི་ནོ་པེལ་གྱི་བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།

དབྱངས་ཅན་མཚོ་མོ།    བོད་ཀྱི་རྩོམ་རིག་དྲ་བ།    2011-12-15

༢༠༡༡ལོའི་ནོ་པེལ་གྱི་བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།

    བྱ་དགའ་སྟེར་སའི་སྟེགས་བུ།

༢༠༡༡ལོའི་ནོ་པེལ་གྱི་བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།

སྙན་ངག་པ་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་གྱིས་ནོ་པེལ་གྱི་རྩོམ་རིག་གི་བྱ་དགའི་རྟགས་མ་ལེན་བཞིན་པ།
༢༠༡༡ལོའི་ནོ་པེལ་གྱི་དངོས་ཁམས་རིག་པའི་བྱ་དགའ་དང་། རྫས་འགྱུར་རིག་པའི་བྱ་དགའ། སྐྱེ་ཁམས་རིག་པའི་བྱ་དགའ། གསོ་རིག་གི་བྱ་དགའ།རྩོམ་རིག་གི་བྱ་དགའ།དཔལ་འབྱོར་རིག་པའི་བྱ་དགའ་བཅས་སྟེར་བའི་མཛད་སྒོ་དེ་ཚེས་༡༠ཉིན་སི་ཝེས་དན་གྱི་རྒྱལ་ས་སི་ཐོག་ཁོལ་མོ(Stockholm)འི་རོལ་མོའི་ཚོམས་ཁང་ནས་གཟབ་རྒྱས་ངང་བསྡུས་པ་དང་།སི་ཝེས་དན་གྱི་རྒྱལ་རིགས་རྣམས་དང་།ཆབ་སྲིད་པ།སྒྱུ་རྩལ་བ་སོགས་མི་ཆིག་སྟོང་ལྔ་བརྒྱ་ལྷག་ཞུགས་ཡོད་པ་རེད།ཡུལ་དེའི་ཕྱི་དྲོའི་དུས་ཚོད་༤དང་སྐར་མ་༣༠ཡི་དུས་སུ།སི་ཝེས་དན་གྱི་རྒྱལ་རིགས་ཀྱི་གཞས༼མི་རྗེའི་གླུ་གཞས༽ཞེས་པའི་གླུ་སྐད་ཀྱི་ཁྲོད་ནས་བྱ་དགའ་སྟེར་བའི་མཛད་སྒོའི་དབུ་བརྩམས་པ་དང་།བྱ་དགའ་ཐོབ་པའི་སྐྱེ་བོ་དག་རེ་རེ་བཞིན་སྟེགས་བུར་བུད།དེ་ནས་ནོ་པེལ་གྱི་ཐེབས་རྩ་ཚོགས་པའི་དབུ་འཛིན་གྱིས་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་ཅིང་།ད་ལོར་སྐུ་གཤེགས་པའི་ནོ་པེལ་གྱི་གསོ་རིག་གི་བྱ་དགའ་ཐོབ་སའི་ཁ་ན་སྒྲ་ཡི་ཚན་རིག་པ་རལ་ཧྥུ་ཟི་ཐན་མན་གྱི་ཚབ་བྱས་ཏེ་བྱ་དགའ་ལེན་པར་འོང་བའི་ཁོང་གི་ལྕམ་མོ་ལ་བཀའ་དྲིན་ཞུས། ཁོང་གིས་ཉེ་བའི་ལོ་བཅུ་ཕྲག་འགའིི་ནང་དུ་འགྲོ་བ་མིའི་འཚོ་སྡོད་ཀྱི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་མོད་འོན་ཀྱང་ཁོར་ཡུག་གི་གནད་དོན་དང་།ནུས་ཁུངས་ཀྱི་ཉམས་ཉེས་སོགས་ལས་དཀའ་ཁག་མང་པོ་འབྱུང་གིན་འདུགམི་རྣམས་ཀྱིས་ཚན་རིག་ལ་བརྟེན་ནས་དཀའ་ཁག་དེ་དག་སེལ་བའི་ཐབས་ཤེས་འཚོལ་དགོས།དེའི་ཕྱིར་རྒྱལ་ཁབ་ཁག་གིས་ཚན་རིག་གི་ཕྱོགས་ནས་གསར་གཏོད་དང་འཕེལ་རྒྱལ་ཡོང་བར་འབད་པ་བྱེད་ཀྱི་འདུག་ཅེས་གསུང་།ཁོང་གིས་ད་དུང་སི་ཝེས་དན་གྱི་ཚན་རིག་པ་ནོ་པེལ་གྱི་རྣམ་ཐར་ལས་ལུང་དྲངས་ཏེ་སྐྱེས་བུ་སྒེར་གྱི་གསར་གཏོད་ཀྱི་ནུས་པ་མཐོ་རུ་འདེགས་དགོས་ཚེ་ཁྱིམ་གྱི་སློབ་སྦྱོང་གི་ཁོར་ཡུག་དང་། སློབ་གྲྭའི་སློབ་གསོ། རྒྱལ་སྤྱིའི་འབྲེལ་ལམ། སྔོན་བྱོན་པའི་ཕྱག་རྗེས། སེམས་བརྟན་པའམ་འཚུབ་ཆ་མེད་པ་བཅས་ལ་རག་ལས་ཡོད་ཚུལ་གསལ་བར་གསུང་།དེའི་རྗེས་སུ།ནོ་པེལ་གྱི་དཔྱད་འདེམས་ཚོགས་པ་རེ་རེ་ནས་བྱ་དགའ་ཐོབ་པའི་སྐྱེ་བོ་དག་གི་མཛད་རྗེས་རིམ་པར་གླེང་བ་དང་།སི་ཝེ་དན་གྱི་རྒྱལ་བོ་ཁཱར་སྐུ་ཕྲེང་བཅུ་དྲུག་པ་ཀོ་སུ་ཐ་ཧྥུ(Carl XVI Gustaf)ལགས་ཀྱིས་ནོ་པེལ་གྱི་བྱ་དགའ་ཐོབ་ས་དག་ལ་བྱ་དགའི་དཔང་ཡིག་དང་། རྟགས་མ། གཟེངས་དངུལ་བཅས་ཕུལ་བ་རེད།ད་ལོ་ཡང་ལོ་སྔོན་མ་དང་འདྲ་བར་ནོ་པེལ་གྱི་བྱ་དགའི་རྣམ་གྲངས་རེའི་གཟེངས་དངུལ་ལ་སི་ཝེས་དན་གྱི་སྒོར་མོ་བྱེ་བ་གཅིག་རེ་ཡོད་འདུག དེའང་ཟླ་༡༢པའི་ཚེས་༡༠ཉིན་ནི་སི་ཝེ་དན་གྱི་ཚན་རིག་པ་དང་བཟོ་ལས་པ་ནོ་པེལ་སྐུ་གཤེགས་པའི་ཉིན་མོ་ཡིན་པས་ལོ་རེའི་ཉིན་མོ་དེར་ནོ་པེལ་གྱི་ཞི་བདེའི་བྱ་དགའ་གཅིག་བུ་ནོར་ཝེ་ནས་སྩོལ་གྱི་ཡོད་པ་ལས་གཞན་ཚང་མ་སི་ཐོག་ཁོར་མོ་ནས་སྩོལ་གྱི་ཡོད་འདུག
  • ལེ་ཚན་སྔོན་མ།:ཧྥེ་ལེ་པེན་ནས་གནམ་གྲུ་ཞིག་སློབ་ཆུང་ཞིག་གི་ཉེ་འདབས་སུ་ལྷུང་སྟེ་མི12རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ཀྱིས་ཟླ་ཕོགས་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ་དང་ལས་ཤོར་རྒུད་སྐྱོབ་མ་དངུལ་སྟེར་བའི་བ
  • དོ་སྣང་ཆེ་བའི་རྩོམ།