བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་སི་རི་ཡཱའི་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་མ་བྱུང་།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-02-07

བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་སི་རི་ཡཱའི་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་མ་བྱུང་།

ཟླ་གཉིས་པའི་ཚེས་བཞི་ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིས་པའོ་ཏུང་གིས་བརྡས་ཐག་གཅོད་སྐབས་ཡིད་འཐད་མིན་པའི་འདེམ་ཤོག་འཕངས། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་གནད་དོན་ཐད་ཀྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། ཨུ་རུ་སི་དང་ཀྲུང་གོས་ཡིད་འཐད་མིན་པའི་འདེམ་ཤོག་འཕང་སྟེ་གྲོས་ཆོད་དེར་གྲོས་འཆམ་མ་བྱུང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཞི་ཉིན་སི་རི་ཡཱའི་གནད་དོན་ཐད་ཀྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། ཨུ་རུ་སི་དང་ཀྲུང་གོས་གྲོས་ཆོད་འཆར་ཟིན་ལ་ཡིད་འཐད་མིན་པའི་འདེམ་ཤོག་འཕང་སྟེ། མའོ་ལོ་ཀི་རྒྱལ་ཁབ་ཀྱིས་སྤྲད་ཅིང་ནུབ་ཕྱོགས་རྒྱལ་ཁབ་དང་འབྲེལ་ཡོད་ཨ་རབ་རྒྱལ་ཁབ་སོགས་ཀྱིས་མཉམ་དུ་བྲིས་པའི་གྲོས་ཆོད་འཆར་ཟིན་དེ་ལ་ཁས་ལེན་མ་བྱས།

དེ་ནི་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བའི་ཚེས་བཞི་ཉིན་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་གྲོས་ཆོད་འཆར་ཟིན་ལ་ཁས་ལེན་མ་བྱས་པའི་རྗེས་སུ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་སི་རི་ཡཱའི་གྲོས་ཆོད་འཆར་ཟིན་ལ་ཡང་བསྐྱར་གྲོས་འཆམ་མ་བྱུང་བ་རེད། ཨུ་རུ་སི་དང་ཀྲུང་གོ་མ་གཏོགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་གཞན་པ་བཅུ་གསུམ་གྱིས་སི་རི་ཡཱའི་གྲོས་ཆོད་འཆར་ཟིན་ལ་ཡིད་འཐད་ཡིན་པའི་འདེམ་ཤོག་འཕང་།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་གྱིས་བརྡས་ཐག་བཅད་རྗེས་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་སྤེལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་ཁབ་རེ་འགས་ན་ནིང་ཟླ་གསུམ་པ་ནས་བཟུང་ཆབ་སྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་གོ་སྐབས་ལ་གཏོར་བརླག་བྱས་ཏེ། སི་རི་ཡཱ་རྒྱལ་ཁབ་ཀྱིས་སྲིད་དབང་བརྗེ་སྤོར་བྱེད་པར་བཙན་སྐུལ་བྱས་པ་དང་། ངོ་རྒོལ་ཕྱོགས་ཁག་གིས་དབང་འཛིན་པ་དང་སི་རི་ཡཱའི་རྒྱལ་ནང་ནས་མུ་མཐུད་དུ་འཁྲུག་རྩོད་བྱེད་པར་རྒྱབ་སྐྱོར་བྱས་ཟེར།

ཁོས་བཤད་རྒྱུར། བརྡས་ཐག་གཅོད་པར་སྤྲད་པའི་གྲོས་ཆོད་འཆར་ཟིན་དེ་ལས་སི་རི་ཡཱའི་མིག་སྔའི་གནས་བབ་ཀྱི་དོན་དངོས་གནས་ཚུལ་མངོན་པར་མཚོན་མེད་པ་དང་། སི་རི་ཡཱའི་འབྲེལ་ཡོད་ཕྱོགས་སོ་སོར་དོ་མཉམ་མིན་པའི་བརྡ་ཞིག་བསྟན་པ་རེད་ཟེར།

 

བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་སི་རི་ཡཱའི་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་མ་བྱུང་།

ཟླ་གཉིས་པའི་ཚེས་བཞི་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་གནད་དོན་ཐད་ཀྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། ཨུ་རུ་སི་དང་ཀྲུང་གོས་ཡིད་འཐད་མིན་པའི་འདེམ་ཤོག་འཕང་སྟེ་གྲོས་ཆོད་དེར་གྲོས་འཆམ་མ་བྱུང་།

  • ལེ་ཚན་སྔོན་མ།:དབྱི་ལིང་གིས་ནམ་ཡང་དམག་འཁྲུག་མི་སློང་ཟེར།
  • ལེ་ཚན་རྗེས་མ།:ཧྥི་ལི་ཕིན་དུ་ཚད་རིམ་དྲུག་ཚེག9ཡི་ས་ཡོམ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།