ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥི་ལི་ཕིན་དབུས་རྒྱུད་ནེ་ཀི་ལའོ་སི་གླིང་ཕྲན་དུ་ཟླ1པོའི་ཚེས15ལ་ཚད་རིམ6.9ཅན་གྱི་ས་ཡོམ་བྱུང་། ས་ཡོམ་ལྟེ་བ་ནེ་ཀི་ལའོ་སི་གླིང་ཕྲན་མ་ཀི་ཐི་གྲོང་ཁྱེར་ནས་བྱང་ཕྱོགས་ཀྱི་སྤྱི་ལེ70ཡི་མཚམས་ཡིན་ལ། ས་ཡོམ་འབྱུང་ཁུངས་ཀྱི་ཟབ་ཚད་སྤྱི་ལེ46.6ཡིན་ལ་ས་ཡོམ་བྱུང་རྗེས་ས་དེས་རྒྱ་མཚོ་འཕྱུར་རྒྱུ་ཡིན་པའི་ཉེན་བརྡ་བཏང་། དེ་མིན་ས་ཡོམ་གྱི་དབང་གིས་ཟེགས་འདམ་ཉིལ་ནས་ཁང་བ་བཅུ་ཕྲག་ཁ་ཤས་ཀྱང་བརྡིབས་སོང་། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན་མིག་སྔར་མི13རྐྱེན་ལམ་དུ་ཤོར་བ་དང་ཆེས་ཉུང་མཐའ་ཡང་མི29གར་སོང་ཆ་མེད་དུ་གྱུར། །