དབྱི་ཐཱ་ལིའི་ཙུང་ཐུང་གིས་ཙུང་ལི་གསར་བ་བསྐོ་འཇོག་བྱས་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2011-11-15

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། དབྱི་ཐཱ་ལིའི་རྒྱལ་ས་རོ་མཱའི་ཙུང་ཐུང་བཞུགས་ཤག་ནས་མཱ་ལི་ཨོ་མིན་ཏིས་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་ཁྱབ་སྒྲོག་བྱས། དབྱི་ཐཱ་ལིའི་ཨན་ཧྲ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐཱ་ལིའི་ཙུང་ཐུང་ནཱ་པོ་ལེ་ཐཱ་ནོའུ་ཡིས་ཉིན་དེར་མཱ་ལི་ཨོ་མིན་ཏིས་ཙུང་ལི་རུ་བསྐོ་འཇོག་བྱས་ཏེ་བར་བརྒལ་སྲིད་གཞུང་རྩ་འཛུགས་པའི་བྱེད་པའི་འགན་ཁུར་དུ་བཅུག


དབྱི་ཐཱ་ལིའི་ཨན་ཧྲ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐཱ་ལིའི་ཙུང་ཐུང་ནཱ་པོ་ལེ་ཐཱ་ནོའུ་ཡིས་ཚེས་བཅུ་གསུམ་ཉིན་མཱ་ལི་ཨོ་མིན་ཏིས་ཙུང་ལི་རུ་བསྐོ་འཇོག་བྱས་ཏེ་བར་བརྒལ་སྲིད་གཞུང་རྩ་འཛུགས་པའི་བྱེད་པའི་འགན་ཁུར་དུ་བཅུག

ནཱ་པོ་ལེ་ཐཱ་ནོའུ་ཡིས་ཚེས་བཅུ་གསུམ་ཉིན་དབྱི་ཐཱ་ལིའི་སྲིད་ཏང་གཙོ་བོའི་མགོ་ཁྲིད་པ་དང་མཉམ་དུ་གྲོས་མོལ་རབ་དང་རིམ་པ་བྱས། ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་དངོས་སུ་ཙུང་ལིའི་ལས་འགན་བསྐྱུར་བའི་པེ་ལུའུ་སི་ཁི་ནེ་ཡིས་སྣེ་ཁྲིད་པའི་གྲོས་ཁང་གི་ཆེས་ཆེ་བའི་རང་དབང་མི་དམངས་ཏང་དང་དབྱི་ཐཱ་ལིའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་དམངས་གཙོ་ཏང་བཅས་ཀྱིས་མཱ་ལི་ཨོ་མིན་ཏིས་ཀྱིས་སྲིད་གཞུང་རྩ་འཛུགས་བྱེད་པར་རྒྱབ་སྐྱོར་བྱས།

ནཱ་པོ་ལེ་ཐཱ་ནོའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར་དབྱི་ཐཱ་ལིའི་ཛ་དྲག་གི་གནས་བབ་ལ་གཞིགས་ཏེ་དབྱི་ཐཱ་ལིའི་ཏང་ཁག་སོ་སོས་རྒྱལ་ཁབ་ཀྱི་ཁེ་ཕན་བསམ་ནས་འགལ་བ་མེད་པར་གཏོང་བ་དང་མཉམ་དུ་མཱ་ལི་ཨོ་མིན་ཏིས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར། ཁོས་བར་བརྒལ་སྲིད་གཞུང་གི་རྩ་འཛུགས་བྱ་བ་གང་མགྱོགས་སྒོས་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

མཱ་ལི་ཨོ་མིན་ཏིས་ཀྱིས་དེའི་རྗེས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབྱི་ཐཱ་ལི་རྒྱལ་ཁབ་མཐུན་སྒྲིལ་གཅིག་གྱུར་བྱས་ན་ད་གཟོད་དེང་སྐབས་ཀྱི་ཉམས་ཉེན་ལས་ཐར་ཐུབ་པ་དང་། དབྱི་ཐཱ་ལི་རྒྱལ་ཁབ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐོག་མའི་འཛུགས་སྐྲུན་རྒྱལ་ཁབ་གཅིག་ཡིན་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོ་ཡང་ཡིན་པས། དབྱི་ཐཱ་ལི་རྒྱལ་ཁབ་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་འཕར་སྣོན་ཡར་སྐུལ་བྱེད་པའི་སྟོབས་ཤུགས་སུ་འགྱུར་དགོས་པ་ལས་ཡོ་རོབ་གླིང་གི་ཞབས་འདྲེན་ལྟ་བུར་འགྱུར་མི་རུང་ཟེར།

  • ལེ་ཚན་སྔོན་མ།:བལ་བོའི་ཤར་ཕྱོགས་ས་ཁུལ་ནས་འདྲུད་འཐེན་འཁོར་ལོ་ཞིག་ལོག་ནས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:བྱི་ལིང་གིས་ཁི་ཝེ་ཐི་ཡི་གསང་མྱུལ་བ་གཉིས་འཛིན་བཟུང་བྱས་པར་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།