མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་བཞི་བ་མའོ་ལོ་ཀི་ནས་བསྡུས

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-10-26

ཚོགས་ཡུན་ཉིན་ལྔ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་བཞི་བ་ཚེས་ཉེར་བཞི་ཉིན་མའོ་ལོ་ཀི་ནས་གནའ་མཁར་མཱ་ལཱ་ཁི་ཧྲི་ནས་ཚོགས་པ་དང་། སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་ལས་ཁུངས། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི་སྟོང་གཅིག་དང་ལྔ་བརྒྱ་གྲོས་ཚོགས་ལ་ཞུགས། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་ལས་རོགས་པ་ལིག་ཀྲིན་མེན་ཚོགས་གཙོ་ཡིན་པའི་ཀྲུང་གོ་སྲིད་ཞུང་གི་འཐུས་ཚབ་ཚོགས་པ་ཚོགས་ཆེན་ལ་ཞུགས།

ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་ལག་བསྟར་བྱས་པའི་གནས་ཚུལ་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་པ་དང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ད་རུང་རུལ་སུངས་སྔོན་འགོག་དང་རུལ་སུངས་ཉེས་ཅན་གྱིས་རང་རང་རྒྱལ་ཁབ་ནས་ཁྱེར་བའི་རྒྱུ་ནོར་ཇི་ལྟར་ཕྱིར་ལེན་པ། ལག་རྩལ་རོགས་སྐྱོར་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོ་དང་ཨ་མེ་རི་ཁའི་མི་སྣས་རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་གསར་སྐྲུན་མཉམ་ལས་ལ་ཤུགས་སྣོན་རྒྱུའི་འབོད་སྐུལ
  • ལེ་ཚན་རྗེས་མ།:ཕཱ་ལེ་སི་ཐན་གྱི་མཐོ་རིམ་དཔོན་རིགས་ཀྱིས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་གཏོར་རྒྱུའི་འཆལ་གཏམ་དེ་ཁ
  • དོ་སྣང་ཆེ་བའི་རྩོམ།