ཀྲུང་གོ་དང་ཨ་མེ་རི་ཁའི་མི་སྣས་རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་གསར་སྐྲུན་མཉམ་ལས་ལ་ཤུགས་སྣོན་རྒྱུའི་འབོད་སྐུལ་བཏང་བ།

        2011-10-24

ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁི་ལིན་ཏོན་སོགས་མི་སྣ་འགས་ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁའི་ཀོས་ཀུའུ་ནས་མཐོ་གསར་ཚན་རྩལ་གྱི་མཐོ་རིམ་གྲོས་ཚོགས་ཤིག་གི་སྟེང་བསྟན་དོན། ཚན་རྩལ་དང་གསར་སྐྲུན་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལས་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་ཁེ་ཕན་བསྐྲུན་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་འབྲེལ་ཡོད་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།ཀྲུང་གོའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ས་ཁུལ་མཐུན་ཚོགས་དང་། ཨ་མེ་རི་ཁའི་ཀོས་ཀུའུ་བརྡ་འཕྲིན་ཐོན་ལས་མནའ་འབྲེལ་སོགས་ཀྱིས་གཙོ་བསྒྲུབས་བྱས་པའི་ཚན་རྩལ་གསར་སྐྲུན་དང་ལས་སྐྲུན་མཐོ་རིམ་གླེང་སྟེགས་གྲོས་ཚོགས་ཉིན་དེར་ཀོས་ཀུའུ་ནས་ཚོགས་མགོ་བརྩམས་པ་དང་། ཁི་ལིན་ཏོན་གྱིས་གདན་ཞུས་ལྟར་གཏམ་བཤད་གལ་ཆེན་སྤེལ། ཁོས་བསྟན་དོན། དེང་སྐབས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གཅིག་ལ་གཅིག་བརྟེན་ཐད་སྔར་མེད་ཀྱི་རྣམ་པ་བྱུང་ཡོད་པ་དང་། ཡོང་འབབ་དོ་མི་མཉམ་པ་དང་སློབ་གསོ་དང་སྨན་བཅོས་གོ་སྐབས་ཆ་སྙོམས་མིན་པ། དངུལ་ལོར་ཁོངས་གཏོགས་བརྟན་འཇགས་མིན་པ། ཁོར་ཡུག་སྲུང་སྐྱོབ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ན། མཉམ་ལས་ནི་འཁྲུག་རྩོད་ལས་ཕན་ནུས་ཆེས་ཆེར་ལྡན་པའི་བྱེད་ཐབས་ཤིག་ཡིན་པས། ཨ་མེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མ་འོངས་པ་མཉམ་དུ་ལོངས་སུ་སྤྱོད་པར་མཉམ་ལས་བཟང་བོ་བྱེད་དགོས་ཟེར།

  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཟླ་བརྒྱད་ཀྱི་ནང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པར་བཤད་པ།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་བཞ
  • དོ་སྣང་ཆེ་བའི་རྩོམ།