ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཟླ་བརྒྱད་ཀྱི་ནང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པར་བཤད་པ།

        2011-10-24

ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་པུའུ་ལི་ལེ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ལི་པུ་ཡཱ་རྒྱལ་ཁབ་ཀྱིས་ཟླ་བརྒྱད་ཀྱི་ནང་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། གྲོས་ཁང་གསར་བས་རྩ་ཁྲིམས་སྒྲིག་པ་དང་བར་བརྒལ་སྲིད་གཞུང་འཛུགས་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར།ཅཱ་པུའུ་ལི་ལེ་ཉིན་དེར་ཅོར་ཏན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལ་ཞུགས་སྐབས་བཤད་རྒྱུར། ལི་པུ་ཡཱའི་འདེམ་བསྐོ་ཆེན་མོ་དེ་ཟླ་བརྒྱད་ཀྱི་ནང་སྤེལ་ཏེ་ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་རྩ་འཛུགས་བྱེད་དགོས་ཤིང་། གྲོས་ཁང་རྩ་འཛུགས་བྱེད་པ་དེ་ལ་རྩ་ཁྲིམས་གསར་བ་གཏན་འབེབས་བྱེད་པ་དང་དེ་ལྟར་དུ་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པ་དང་། ཙུང་ཐུང་འདེམ་བསྐོ་ཐོག་མ་སྤེལ་རག་བར་དུ་བར་བརྒལ་སྲིད་གཞུང་འཛུགས་པའི་ལས་འགན་གཙོ་བོ་གཉིས་ཡོད། ཁོས་ད་རུང་བསྟན་དོན། ལི་པུ་ཡཱ་རྒྱལ་ཁབ་ཀྱི་མིག་སྔའི་ལས་འགན་གཙོ་བོ་ནི་དམངས་ཁྲོད་དུ་ཡོད་པའི་མཚོན་ཆ་གཙང་བཤེར་བྱས་ནས་རྒྱལ་ཁབ་ཀྱི་བརྟན་འཇགས་དང་སྒྲིག་ལམ་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཡེ་མིན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་ལེན་བྱེ
  • ལེ་ཚན་རྗེས་མ།:ཀྲུང་གོ་དང་ཨ་མེ་རི་ཁའི་མི་སྣས་རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་གསར་སྐྲུན་མཉམ་ལས་ལ་ཤུགས་སྣོན་རྒྱུའི་འབོད་སྐུལ
  • དོ་སྣང་ཆེ་བའི་རྩོམ།