འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཨ་རབ་དམིགས་བསལ་གྲོས་ཚོགས་ནས་ལི་པུ་ཡཱའི་གནད་དོན་ལ་སེམས་ཁུར་བྱས་པ།

        2011-10-24

ཚོགས་ཡུན་ཉིན་གཉིས་ཡིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཨ་རབ་དམིགས་བསལ་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ཅོར་ཏན་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ལྔ་བཅུ་ལྷག་ནས་ཡོང་བའི་ཆབ་སྲིད་དང་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་སྟོང་གཅིག་ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་ཀྲུང་ཏུང་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་གནས་བབ་ཟང་ཟིང་ཡིན་པའི་གནས་ཚུལ་འོག་སྤེལ་བ་ཡིན་པའི་དབང་གིས་ལི་པུ་ཡཱའི་གནས་བབ་དང་མ་འོངས་པའི་བསྐྱར་འཛུགས་གནད་དོན་དེ་ཚོགས་ཞུགས་མཁན་དང་གསར་འགྱུར་ལས་རིགས་ཀྱིས་དོ་སྣང་བྱེད་པའི་གཙོ་གནད་དུ་གྱུར་ཡོད།

ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་པུའུ་ལི་ལེ་ཡིས་ཉིན་དེར་ལི་པུ་ཡཱའི་ཚབ་བྱས་ཏེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཁཱ་ཀྲ་ཧྥེ་སྲིད་དབང་རྩ་རྫོགས་བྱས་རྗེས་ལི་པུ་ཡཱ་རྒྱལ་ཁབ་འགྲན་རྩོད་མང་བོར་འཕྲད་སྲིད་པ་དང་། རྒྱལ་ཁབ་ཀྱི་བསྐྱར་འཛུགས་ལས་འགན་ཧ་ཅང་ལྗིད་པས། ལི་པུ་ཡཱའི་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་མིག་སྔར་རྒྱལ་ཁབ་ཀྱི་བརྟན་འཇགས་སླར་གསོ་བྱེད་པ་དང་། དམངས་ཁྲོད་ཀྱི་མཚོན་ཆ་མང་བོ་གཞུང་བཞེས་བྱེད་པ། མི་རིགས་འགྲིག་མཐུན་འཕེལ་རིམ་སླར་གསོ་བྱེད་པ་སོགས་གནད་དོན་ངེས་པར་དུ་ཐག་གཅོད་བྱེད་དགོས་ཟེར།ཅཱ་པུའུ་ལི་ལེ་ཡིས་བཤད་རྒྱུར། བྱ་བ་དེ་དག་གིས་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་སྲིད་ཀྱང་། ལི་པུ་ཡཱའི་རྒྱལ་ནང་དུ་སྒེར་ཚུགས་ཀྱི་རྩ་འཛུགས་མང་བོ་ཡོད་པ་དང་། མིག་སྔར་ཁོ་ཚོས་དུས་ནམ་ཞིག་ལ་མཚོན་ཆ་སྤྲོད་པར་ཁ་ཚོན་གཅོད་ཐབས་མེད་ཀྱང་། དེ་ལི་པུ་ཡཱའི་དབང་འཛིན་ལས་ཁུངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཆོད་སེམས་ལ་རག་ལས་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དམག་དཔུང་ཕྱིར་འཐེན་བྱས་རྗེས་དབྱི་རག་ལ་མུ་མཐུད་དུ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་
  • ལེ་ཚན་རྗེས་མ།:ཡེ་མིན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་ལེན་བྱེ
  • དོ་སྣང་ཆེ་བའི་རྩོམ།