ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དམག་དཔུང་ཕྱིར་འཐེན་བྱས་རྗེས་དབྱི་རག་ལ་མུ་མཐུད་དུ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་པ།

        2011-10-24

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལཱ་ལིས་ཀྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་ཚང་མ་ད་ལོའི་ལོ་མཇུག་གི་སྔོན་ལ་དབྱི་རག་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་དབྱི་རག་སྲིད་གཞུང་གིས་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།ཞི་ལཱ་ལིས་ཀྱིས་ཉིན་དེར་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོ་མོས་བཤད་རྒྱུར། ཨོ་པཱ་མཱ་ཡིས་ཚེས་ཉེར་གཅིག་ཉིན་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་འཆར་གཞི་ཁྱབ་བསྒྲགས་བྱས། དེ་ལས་དབྱི་རག་འཐབ་འཁྲུག་མི་འགྱང་པར་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་དང་དབྱི་རག་གི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འབྱུང་བ་མཚོན་ཡོད་ལ། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དམ་བཅའ་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར།ཞི་ལཱ་ལིས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དབྱི་རག་གིས་བརྟན་འཇགས་དང་བདེ་འཇགས། དམངས་གཙོ་ལྡན་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོ་མོས་བསྟན་དོན། དབྱི་རག་སྲིད་གཞུང་གི་རེ་བ་ལྟར་དུ་ཨ་མེ་རི་ཁའི་དམག་དཔུང་གིས་པཱ་ཀ་ཏཱ་ནས་གཞི་རྒྱ་ངེས་ཅན་ཡོད་པའི་དྲག་ཆས་དམག་དཔུང་བཀོད་སྒྲིག་བྱས་ཏེ། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར་ཡང་། ཁོ་མོས་དམག་དཔུང་དེའི་ཁ་གྲངས་གསལ་བོར་མ་བཤད།ཞི་ལཱ་ལིས་ཀྱིས་ཚེས་ཉེར་གཉིས་ཉིན་བུའུ་ཚི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་ནས་བུའུ་ཚི་པེ་ཁི་སི་ཐན་གྱི་ཙུང་ཐུང་ཁཱ་ལི་མའོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་རབ་དང་རིམ་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཞི་ལཱ་ལིས་ཀྱིས་བུའུ་ཚི་པེ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་ཏེ་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བར་བཀའ་དྲིན་ཞུས་པར་མ་ཟད། བུའུ་ཚི་པེ་ཁི་སི་ཐན་ཕྱོགས་ཀྱིས་ས་ཁུལ་བརྟན་འཇགས་སྲུང་འཛིན་བྱེད་པའི་ཐད་ནས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།

  • ལེ་ཚན་སྔོན་མ།:གཅིག་གྱུར་ཨུ་རུ་སི་ཏང་གིས་རྒྱལ་ཁབ་གྲོས་ཁང་ཞོལ་མའི་གྲོས་མིའི་འདེམ་སྒུག་མི་སྣ་གསར་བ་མཚམས་སྦྱོར་བྱས་པ།
  • ལེ་ཚན་རྗེས་མ།:འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཨ་རབ་དམིགས་བསལ་གྲོས་ཚོགས་ནས་ལི་པུ་ཡཱའི་གནད་དོན་ལ་སེམས་ཁུར་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།