གཅིག་གྱུར་ཨུ་རུ་སི་ཏང་གིས་རྒྱལ་ཁབ་གྲོས་ཁང་ཞོལ་མའི་གྲོས་མིའི་འདེམ་སྒུག་མི་སྣ་གསར་བ་མཚམས་སྦྱོར་བྱས་པ།

        2011-10-19

ཨུ་རུ་སིའི་ཙུང་ལི་ཕུའུ་ཅིན་གྱིས་ཨུ་རུ་སིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བདུན་ཉིན་བཏང་བའི་ཆེད་དོན་བཅར་འདྲིའི་ལེ་ཚན་ནང་བསྟན་དོན། གཅིག་གྱུར་ཨུ་རུ་སི་ཏང་གི་གྲོས་ཁང་ཞོལ་མའི་འདེམ་བསྐོ་ལ་ཞུགས་པའི་འདེམ་སྒུག་མི་སྣའི་ཁྲོད་མི་གསར་བས་ཕྱེད་ཀ་ཟིན་པ་དང་། གཞན་ཡང་སུམ་ཆའི་གཅིག་ནི་ཏང་ཕྱིའི་མི་སྣ་ཡིན་ཟེར།ཕུའུ་ཅིན་གྱིས་བཤད་རྒྱུར། གཅིག་གྱུར་ཨུ་རུ་སི་ཏང་གི་འདེམ་སྒུག་མི་སྣ་དྲུག་བརྒྱའི་མིང་ཐོའི་ཁྲོད། རྒྱལ་ཕྲན་མཉམ་འབྲེལ་གྱི་རིམ་པ་དང་པོའི་འདེམ་བསྐོ་ལ་ཞུགས་མ་མྱོང་བའི་མིས་ཕྱེད་ཀའི་ཡན་ཟིན་པ་དང་། གཞན་ཡང་སུམ་ཆའི་གཅིག་ནི་ཨུ་རུ་སིའི་མི་དམངས་འཐབ་ཕྱོགས་ཀྱི་ཏང་ཕྱིའི་མི་སྣ་ཡིན། ཁོ་ཚོ་ནི་ན་གཞོན་དང་། བུད་མེད། བཟོ་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་སོ་སོའི་ཁོངས་མི་ཡིན་པ་དང་། དེའི་ནང་མི་མང་བོ་ཞིག་སྐབས་གསར་བའི་གྲོས་ཁང་ཞོལ་མའི་གྲོས་མིར་འདེམ་པའི་རེ་བ་ཡོད་ལ། དེས་རྒྱལ་ཁབ་གྲོས་ཁང་ཞོལ་མའི་རྣམ་པ་རྩ་བ་ནས་བསྒྱུར་ངེས་རེད་ཟེར།ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཆབ་སྲིད་སྒྲིག་གཞི་རིམ་བཞིན་ཆགས་བཞིན་ཡོད་པས། འགུལ་བསྐྱོད་ནུས་པ་ལྡན་པའི་གྲོས་ཁང་ཞིག་དགོས་མཁོ་ཆེ་བ་དང་། གཅིག་གྱུར་ཨུ་རུ་སི་ཏང་གིས་མུ་མཐུད་དུ་ཨུ་རུ་སིའི་ཆབ་སྲིད་སྟོབས་ཤུགས་གཙོ་བོའི་རྣམ་པ་སྲུང་འཛིན་བྱེད་དགོས་ལ། འདེམ་བསྐོ་ཡོངས་འགྲུབ་བྱས་རྗེས་ཏང་ཁག་དེས་མགོ་ཁྲིད་པའི་ལས་ཁུངས་ལ་གསར་དུ་བཅོས་བསྒྱུར་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཙུང་ཐུང་འདེམ་བསྐོ་ལ་ཞུགས་མི་སྲིད་པ་བསྐྱར་སྒྲོག་བྱས་པ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དམག་དཔུང་ཕྱིར་འཐེན་བྱས་རྗེས་དབྱི་རག་ལ་མུ་མཐུད་དུ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་
  • དོ་སྣང་ཆེ་བའི་རྩོམ།