ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཙུང་ཐུང་འདེམ་བསྐོ་ལ་ཞུགས་མི་སྲིད་པ་བསྐྱར་སྒྲོག་བྱས་པ།

        2011-10-19

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལཱ་ལི་ཡིས་ཚེས་བཅུ་བདུན་ཉིན་བསྐྱར་སྒྲོག་བྱས་དོན། ཁོ་མོ་ཙུང་ཐུང་འདེམ་བསྐོ་ལ་ཞགས་མི་སྲིད་པ་དང་། ལས་འཁྱུར་ངལ་གསོ་བྱས་རྗེས་རྩོམ་འབྲི་དང་དགེ་རྒན་གྱི་བྱ་བ་གཉེར་རྒྱུ་ཡིན་ཟེར།ཞི་ལཱ་ལི་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིས་བཏང་བའི་ཁ་བརྡའི་ལེ་ཚན་སྟེང་བཤད་རྒྱུར། ཁོ་མོ་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་མི་སྲིད་པ་དང་། ཁོ་མོར་རྒྱལ་ཁབ་ལ་བྱས་རྗེས་འཇོག་པའི་གོ་སྐབས་ཐོབ་པ་དང་རང་ཉིད་ཀྱིས་ཀྱང་འབད་བརྩོན་ཆེན་པོ་བྱས། ད་ལྟ་མི་གཞན་པར་དེའི་གོ་སྐབས་སྟེར་བའི་དུས་ལ་སླེབས་ཡོད་ཟེར། ལོ་རེ་བཞི་ཡིན་པའི་ཞི་ལཱ་ལི་ཡིས་བཤད་རྒྱུར། ཁོ་མོས་ཡང་བསྐྱར་རྩོམ་འབྲི་དང་དགེ་རྒན་གྱི་བྱ་བ་གཉེར་བར་རེ་བ་བཅངས་ཡོད་པ་དང་། ཞོར་དུ་འཛམ་གླིང་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ལེ་པཱ་ནུན་གྱིས་རྒྱལ་ཁབ་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་པ
  • ལེ་ཚན་རྗེས་མ།:གཅིག་གྱུར་ཨུ་རུ་སི་ཏང་གིས་རྒྱལ་ཁབ་གྲོས་ཁང་ཞོལ་མའི་གྲོས་མིའི་འདེམ་སྒུག་མི་སྣ་གསར་བ་མཚམས་སྦྱོར་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།