ལེ་པཱ་ནུན་གྱིས་རྒྱལ་ཁབ་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་པ།

        2011-10-19

རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཉིན་མོར་ཐོན་པའི་སྐབས་སུ། ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་གྱིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ས་པེ་རུ་ཐི་ནས་རྒྱལ་ཁབ་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་པ་དང་། དེའི་དམིགས་ཡུལ་ནི་ལེ་པཱ་ནུན་གྱི་དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱེད་པའི་ཆེད་དུ་རེད།སུའུ་ལེ་མན་གྱིས་འཆར་གཞི་དེ་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཆེས་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ཆེད་དུ་ཡིན་པ་དང་། རོགས་སྐྱོར་དེ་ནི་ངལ་རྩོལ་མ་བྱས་པར་ཁེ་སྤོགས་ལེན་འདོད་པའི་སྒྱུད་ལུག་གི་བསམ་བློར་ཡར་སྐུལ་བྱེད་པ་མིན། ཁོས་འཆར་གཞི་དེས་དབུལ་ཕོངས་ཁྱིམ་ཚང་གིས་འདྲ་མཉམ་སྒོས་རྒྱལ་ཁབ་ཀྱིས་འདོན་སྤྲོད་བྱས་པའི་རོགས་སྐྱོར་ལོངས་སུ་སྤྱོད་པར་འགན་སྲུང་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་པེད་ནེ་བོ་ལེ་ཏིའི་ས་ཁུལ་མང་ཤོས་བདག་བཟུང་བྱས་ཡོད་པར་བཤད་པ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཙུང་ཐུང་འདེམ་བསྐོ་ལ་ཞུགས་མི་སྲིད་པ་བསྐྱར་སྒྲོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།